30863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་ངེས་པའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། འདེགས་བྱེད་ཐབས་ཀྱི་རྩལ་ཆེན་གསུམ་གྱི་ཡ་གྱལ་ཞིག་སྟེ། ངེས་པར་འབྱུང་བའི་གདུལ་བྱ་འདུལ་བའི་གཉེན་པོ་ཡིན། ཐེག་པ་དགུའི་རིམ་པས་རང་རང་གི་འདོད་པའི་འབྲས་བུ་དམ་པ་མི་བསླུ་བར་ཐོབ་ངེས་པའི་ཕྱིར་དོན་དམ་ངེས་པའི་ཐེག་པ་ཞེས་བྱ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལངྐའི་བདག་པོ། གཞན་ཡང་གང་གདུལ་ཐབས་དང་པོ་དང་མི་མཐུན་པར་ངེས་པའི་འབྱུང་བའི་གདུལ་བྱའི་ཆེད་དུ་དོན་དམ་ངེས་པའི་ཐེག་པ་བསྟན་པ་ལ་ནི་ལས་དང་སྐལ་པའི་དབང་གིས་རྣམ་པ་གསུམ་དུ་ངེས་པར་སྣང་བ་སྟེ། འཇིག་རྟེན་གྱི་ཞིང་ཁམས་ཀུན་ཏུ་སྤྲུལ་པའི་སྐུར་འབྱུང་ཞིང་སྣང་བས་དྲང་དོན་དུ་གསུངས་པའི་ཐབས་ཀྱིས་འདུལ་བ་དང་འདྲེན་པར་བྱེད་པ་མཚན་ཉིད་རྒྱུའི་ཐེག་པ་དང༌། དམ་ཚིག་དང་དཀའ་ཐུབ་གཙོ་བོར་བྱེད་པའི་སྒོ་ནས་དོན་རིག་པར་བྱེད་པ་སྔགས་ཕྱི་རྒྱུད་གསུམ་དང་རིག་པ་རང་དབང་དུ་བསྒྱུར་བའི་ཐབས་ཀྱི་སྒོ་ནས་གང་ཡང་སྤང་ལེན་མེད་པར་དུག་འགྱུར་གྱི་རྩི་ལྟར་ཉོན་མོངས་པ་སྤྱད་ཀྱང་མི་གོས་པར་སྟོན་པའི་ཐེག་པས་འདུལ་བ་གསང་སྔགས་ནང་གི་རྒྱུད་སྡེའོ། །ཞེས་གསུངས། དེ་ལ་ཕྱེ་ན་ཀུན་འབྱུང་འདྲེན་པའི་ཐེག་པ་དང། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང། དབང་བསྒྱུར་ཐབས་ཀྱི་ཐེག་པ་བཅས་གསུམ་མོ། །
Domain ཆོས་ལུགས།
དོན་དམ་ངེས་པའི་ཐེག་པ་ (2)
Part of speech མིང་ཚིག
Definition སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་འདུལ་བྱེད་ཐེག་པ་བཞིར་བསྟན་པའི་ཡ་གྱལ་ཞིག་སྟེ། དོན་པར་ངེས་པར་སྣང་བའི་ཐེག་པ། ཞེས་པ་དང་འདྲ།