30864

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་ངེས་པའི་མདོ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འགྲོལ་བར་བྱེད་པའི་མདོ་བཞིར་གསུངས་པའི་ཡ་གྱལ་ཞིག་སྟེ། ཆོས་ཉིད་ཇི་བཞིན་དུ་དོན་དམ་པ་སྒྲོ་སྐུར་མེད་པར་སྟོན་པས་དོན་དམ་ངེས་པའི་ལུང་ཞེས་བྱ། དེ་ལ་མདོ་དགོངས་པ་འདུས་པར་རྣམ་གྲངས་བཞིར་གསུངས་པའི་དོན་ནི། མདོ་འགྲེལ་མུན་པའི་གོ་ཆ་ལས། དགོས་ཆེན་ནི། དངོས་པོ་གང་སྣང་བ་འདི་དག་གི་མཚན་ཉིད་རིག་པར་བྱ་བའི་ཆེད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞལ་ཏེ་དཔྱད་བསམ་པས་དོན་རྙེད་པ་ཇི་བཞིན་དུ་འདིར་ཡང་གཏན་ཚིགས་ཀྱིས་གཞལ་བ་བྱས་པས་གོ་བར་གྱུར་པའི་གཏན་ཚིགས་དེས་ན་དོན་ཇི་ལྟ་བར་མཐོང་བའོ། །ངེས་པ་ནི། འདི་ལྟར་གང་ལ་ཞེས་པ་དོན་མ་ནོར་བ་ཉིད་ནི་ཤེས་བྱའི་དངོས་གཞི་བཤད་པ་ལྟར་བརྟགས་ཏེ་སྣོད་དུ་རུང་བར་བྱས་པས་བློ་ལ་ངེས་པའི་གདེང་ཆུད་པའི་དོན་མི་འགྱུར་བའོ། །རང་གི་ངོ་བོ་ནི། ཞེས་པ་མཚོན་པའི་མིང་དང་ཚིག་ཇི་སྙེད་པས་བརྗོད་པར་བྱ་བའི་དོན་གྱི་ངོ་བོ་ཉིད་དོ། །གལ་པོ་ནི། ཞེས་པ་སུ་ཞིག་ལ་དྲི་བའི་དོན་གྱི་དངོས་པོ་ཞིག་གང་ཟག་གང་གིས་ཐབས་ཏེ་གང་དང་གང་དུ་འགལ་བའི་ཚིག་བློ་ལ་བླངས་ཏེ་བརྟགས་པའོ་གལ་དུ་གཏན་ནས་དྲི་བའོ། །ཞེས་པ་གསུངས། འདི་ལ་དོན་དམ་ངེས་པའི་ལུང་ཞེས་ཀྱང་བྱ།
Domain ཆོས་ལུགས།