30867
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞིའི་ཡ་གྱལ་ཞིག་སྟེ། ཆོས་སྐུའི་བསྟན་པ་ལྟར་དོན་དམ་ངེས་པར་སྣང་བའི་ཚིག་གིས་གསང་བ་ཟབ་མོའི་དོན་ལ་དུས་གཅིག་ཏུ་འགོད་པའི་ཕྱིར་དོན་དམ་ངེས་པར་སྣང་བའི་ཚིག་གམ་ཐེག་པ་ཞེས་བྱ། དེ་ནི་སྣོད་བཞི་ལས་བློ་གྲོས་མཆོག་དང་ལྡན་པའི་གདུལ་བྱའི་གཉེན་པོར་དོན་མ་ནོར་བ་སྒྲ་ཇི་བཞིན་དུ་གབ་སྦས་མེད་པར་བསྟན་པའི་སྒོ་ནས་འདུལ་བར་བྱེད་པ་ཡིན། འདི་ལ་དོན་དམ་ངེས་པར་སྣང་བའི་ཚིག་ཅེས་ཀྱང་བྱ། |
| Domain | ཆོས་ལུགས། |