30871
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དོན་དམ་དཀོར་བདུན་མཚོན་པའི་ཡི་གེ་སྟེ། སྐུའི་སྙིང་པོ་ཨཱོཾ་དང༌། ཐུགས་ཀྱི་སྙིང་པོ་ཧཱུྃ་དང༌། དབྱིངས་ཀྱི་དོན་མཚོན་མཱུྃ་དང༌། ཡོན་ཏན་གྱི་སྙིང་པོ་སྭཱ་དང༌། གསུང་གི་སྙིང་པོ་ཨྃ་དང༌། ཕྲིན་ལས་ཀྱི་སྙིང་པོ་ཧྃ་དང་། ཡེ་ཤེས་སྐྱེ་བ་མེད་པ་མཚོན་པས་ཨཱ་དང་བདུན་པོ་རྣམས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |