30877

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་པ་ (1)
Part of speech མིང་ཚིག
Definition དངོས་གནས་དྲང་གནས་སམ་དངོས་ཡོད་ལ་གང་ཡིན་པ་སྟེ།
Example དོན་དམ་པ་ན་ཁོང་གི་སྐད་ཆ་བདེན་པ་མ་རེད་ལྟ་བུ།
དོན་དམ་པ་ (2)
Part of speech མིང་ཚིག
Definition བཀའ་འགྱུར་རྙིང་རྒྱུད་ཁ་པར་བཞུགས
དོན་དམ་པ་ (3)
Part of speech མིང་ཚིག
Definition མདོ། དེ་ཁོ་ན་ཉིད་དམ་དངོས་པོའི་གནས་ལུགས་མཐར་ཐུག་པ།
Domain [ཆོས་ལུགས།, ལྟ་གྲུབ།]
དོན་དམ་པ་ (4)
Part of speech མིང་ཚིག
Definition ཡིད་ཀྱི་མུན་སེལ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ་སྟེ། རྒྱས་པ་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དང་སྟོང་པའི་མཐའ། །ཡང་དག་ཉིད་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་ཅིང་དམིགས་སུ་མེད། །ཅེས་སོ། །དེའང་ཆོས་ཐམས་ཅད་རིག་པས་གཞིག་ཅིང་བརྟགས་ན་གང་གི་ངོ་བོར་མ་གྲུབ་ཅིང་། སྣང་དུས་ཉིད་ནས་སྐྱེ་འགགས་གནས་གསུམ་དང་བྲལ་བར་གནས་ཏེ། (གསང་སྙིང་)འདི་ཉིད་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པའི་འདོན་པ་བསྒྱུར་ཏེ། འགགས་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་འོང་མེད་པའི་བར་དུ་གསུངས་ཤིང། རིགས་པས་ཀྱང་གྲུབ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་ཆོས་ཅན། རང་བཞིན་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། །ཞེས་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་སོགས་པས་ཀྱང་ཤེས་སོ། །མདོར་ན་ཇི་ལྟར་སྣང་བ་དེའི་རང་བཞིན་གདོད་མ་ནས་ངོ་བོ་མེད་པ་ནི་དོན་དམ་པའི་གནས་ལུགས་སོ། །ཞེས་གསུངས།