30903
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ། སྐྱེ་བའི་དོན་ནི། བྱང་ཆུབ་ཀྱི་སེམས་དེ་གནས་གང་ནས་སྐྱེ་བ་བསྟན་པ་ནི་སྐྱེ་བའི་དོན་ནོ། ། རྒྱ་ཆེ་བའི་དོན་ནི། ཉན་ཐོས་དག་ནི་བདག་གི་དོན་དུ་སེམས་བསྐྱེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གཉི་གའི་དོན་དུ་སེམས་བསྐྱེད་པས་རྒྱ་ཆེ་བའི་དོན་དང་ལྡན་ནོ། ། སྤྲོ་བའི་དོན་ནི། ཉན་ཐོས་དག་ནི་བདག་གི་དོན་བྱ་བར་སྤྲོའོ། ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གཞན་གཉི་གའི་དོན་བྱ་བར་སྤྲོ་བས་སྤྲོ་བའི་དོན་དང་ལྡན་ནོ། ། བསམ་པ་རྣམ་པར་དག་པའི་དོན་ནི། ཉན་ཐོས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དག་ནས་རང་གི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཙམ་དུ་ཟད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤེས་པས་ན་བསམ་པ་རྣམ་པར་དག་པའི་དོན་དང་ལྡན་པའོ། ། ལྷག་མ་ལ་མཁས་པའི་དོན་ནི། ཉན་ཐོས་དག་ནི་རྒྱུན་དུ་ཞུགས་པ་ཐོབ་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་ས་ལ་མཁས་པ་ཙམ་དུ་ཟད་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་ཐོབ་པ་དང༌། ས་གཉིས་པ་ཡན་ཆད་ས་བཅུ་པ་མན་ཆད་ཀྱི་སའི་རང་བཞིན་དང་ཡོན་ཏན་ལ་མཁས་པ་དང༌། ས་གོང་མ་རྣམས་ཇི་ལྟར་ཐོབ་པར་བྱ་བའི་ཐབས་ལ་མཁས་པས་ན་ལྷག་མ་དག་ལ་མཁས་པའི་དོན་དང་ལྡན་ནོ། ། འབྱུང་བ་ཉིད་ཀྱི་དོན་ནི། ས་དང་པོ་མཐར་ཕྱིན་ཏེ་བོར་ནས་ས་གཉིས་པ་ལ་འཇུག་པ་ནི་འབྱུང་བ་ཉིད་ཀྱི་དོན་དང་ལྡན་པ་ཞེས་བྱའོ། ། |
| Domain | ཆོས་ལུགས། |