30906
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འཁོར་བ་ནི་མི་དགེ་བ་དང་སྡུག་བསྔལ་ཐམས་ཅད་འཇུག་པས་མཆོག་ཏུ་མི་བདེ་བའི་ཕྱིར་ནད་ལྟར་དོན་དམ་པར་མི་དགེ་བ་ཡིན་ནོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། འཁོར་བ་ནི་དོན་དམ་པར་མི་དགེ་བ་ཞེས་བྱ་བ་ཡིན་ཏེ། སྡུག་བསྔལ་གསུམ་པོ་གང་རུང་གི་རང་བཞིན་ཡིན་པས་མཆོག་ཏུ་མི་དགེ་བ་ཡིན་པའི་ཕྱིར། ནད་བཞིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |