30920
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། དབུ་མའི་ལུགས་ལ། དབྱིངས་འགྱུར་བ་མེད་པ་དོན་དམ་བདེན་པ། དོན་དམ་པ་དེ་ནི་དོན་ཀྱང་ལ། དམ་པ་ཡིན་པས་དོན་དམ་པའམ་རྣམ་པ་མི་རྟོག་པའི་ཡེ་ཤེས་དམ་པའི་ཡུལ་ཡིན་པས་དོན་དམ་པ་སྟེ་དེ་ཁོ་ན་གཞན་ལས་ཤེས་པ་མ་ཡིན་པའི་མཚན་ཉིད་དོ། །དོན་དམ་པ་ཉིད་བདེན་པ་ཡིན་པས་སོ། ། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:དོན་དམ་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སེམས་ཙམ་པའི་ལུགས་ལ། དོན་དམ་བདེན་པ་ནི། ཀུན་བཏགས་བདེན་པར་གྲུབ་པའི་སྟོང་པའི་དེ་བཞིན་ཉིད་དེ་དོན་དམ་བདེན་པའི་མཚན་ཉིད་དོ། །དེ་བས་དགག་པའི་གཞན་དབང་། དེ་དགག་བྱ་ཀུན་བཏགས་གཉིས་ཀྱིས་སྟོང་ལ། དེ་ལྟ་བུ་བཏགས་པའི་སྟོང་ཉིད་ཡོངས་སུ་གྲུུབ་པ་ཡོད་པའོ། །ཡོངས་གྲུབ་དོན་དམ་པར་ཡོད་པ་སྟེ། ཕྱིན་ཅི་མ་ལོག་ཡོངས་གྲུབ་དང་འགྱུར་མེད་ཡོངས་གྲུབ་གཉིས། ལམ་བདེན་དང་པོ། འགོག་བདེན་ཕྱི་མའོ། ། |
{{#arraymap:དོན་དམ་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ་སྡེ་པའི་ལུགས་ལ། སློབ་དཔོན་ཆོས་ཀྱི་གྲགས་པས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། དོན་བྱ་བ་བྱེད་ནུས་པ་གང་ཡིན་པ་དེ་རང་གི་མཚན་ཉིད་ཡིན་པའི་ཕྱིར། དེ་ཉིད་ནི་དོན་དམ་པ་སྟེ་མ་བཅོས་པའི་རང་བཞིན་གྱིས་དངོས་པོར་ཡོད་པའོ། ། |
{{#arraymap:དོན་དམ་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བྱེ་བྲག་སྨྲ་བའི་ལུགས་ལ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །དོན་དམ་པའི་བདེན་པ་གཞན་ནོ། །གང་ལ་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་བདེན་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་རོ་ལ་སོགས་པའི་ཆོས་བསལ་ཡང་རུང་། གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་དེ་ཉིད་དེ། དེ་ནི་དོན་དམ་པར་ཡོད་པའི་ཕྱིར་དོན་དམ་པའི་བདེན་པའོ། ། |
{{#arraymap:དོན་དམ་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བློ་དོན་དམ་པ་འཕགས་པའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ལ་དོན་དམ་བདེན་པ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཁ་ཅིག་རྣམ་བཤད་ལས་གསུངས་པ་ལྟར་རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དོན་དམ་བདེན་པའི་འཇོག་བྱེད་དང། རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བའི་རིགས་སུ་གནས་པ་ཀུན་རྫོབ་བདེན་པའི་འཇོག་བྱེད་དུ་སྨྲས་པ་ལ། སྔ་མའི་མཚན་ཉིད་ཀྱི་ཟུར་ཕྱི་མས་སྔོར་སྣང་དབང་ཤེས་ལྟ་བུ་དོན་དམ་པ་ཡིན་པ་འགོག་ཅིང། ཕྱི་མའི་མཚན་ཉིད་ཀྱི་ཟུར་དུ་རིགས་གནས་སྨོས་པས་སྔོར་སྣང་དབང་ཤེས་ལྟ་བུ་ཀུན་རྫོབ་བདེན་པར་སྟོན་པའི་ཆེད་དུ་ཡིན། ཞེས་གསུངས། ཡང་མཁས་པ་ཁ་ཅིག་ཞུ་དག་པས་བཀོད་པའི་ཡི་གེ་མ་དག་པ་ཡིན་གྱི་ཊཱིཀྐ་བྲིས་མ་དག་པ་ཁ་ཅིག་ཏུ་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་དང་རིགས་སུ་གནས་པ་ཞེས་པ་མེད་ལ། སྤྱོད་འཇུག་ཊཱིཀྐར་ཡང་དེ་གཉིས་མི་འབྱུང་བ་ལྟར་བྱ་གསུང་ངོ་། །ལུགས་དང་པོ་རྣམ་བཤད་ཀྱི་དགོངས་པ་དེ་ལྟར་ཁས་ལེན་པ་མི་རིགས་ཏེ། སྔོར་སྣང་དབང་ཤེས་ལྟ་བུ་རང་དངོས་སུ་རྟོགས་པའི་རང་རིག་མངོན་སུམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བཤད་པ་ཡིན་ཀྱང། རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་མིན་གྱི་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་དང། སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་ཞེས་པ། དཔེ་དག་པའི་དབང་དུ་བྱས་ནའང་དགག་སྒྲུབ་གཉིས་སུ་ཕྱེ་བའི་སྒྲུབ་པ་ལ་མི་བྱེད་པར་ཀུན་རྫོབ་པའི་སྣང་བའམ། གཉིས་སྣང་ལ་བྱེད་དགོས་པ་སྤྱོད་འཇུག་རྣམ་བཤད་ཀྱི་དགོངས་པ་ཡིན་པའི་ཕྱིར་ཞིབ་ཏུ་ལྟོས་ཤིག ཞེས་གསུངས། |
{{#arraymap:དོན་དམ་བདེན་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དབུ་མ། ཕྱིན་ཅི་ལོག་གི་དམིགས་པ་མཐའ་དག་གིས་སྟོང་པ་ནི་དོན་དམ་པའི་བདེན་པ་སྟེ། ཡོད་པ་དང་མེད་པ་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཇི་ལྟར་ཡོངས་སུ་བཅད་ཀྱང་ཕྱིན་ཅི་ལོག་གི་བློའི་དམིགས་པ་ཡིན་ལ། དེ་མཐའ་དག་གིས་དབེན་པས་སྤྲོས་པ་དང་བྲལ་བའོ། །ཞེས་སློབ་དཔོན་བསོད་ནམས་རྩེ་མོའི་སྤྱོད་འཇུག་འགྲེལ་པ་ལས་གསུངས་སོ། ། དོན་དམ་པ་ནི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་དུ་བདག་གི་དངོས་པོ་རྙེད་པ་གང་ཡིན་པའོ། །ཡང་དག་པ་མཐོང་བའི་ཡུལ་གང་ཡིན་པ་དེ་ནི་ཡོད་པ་དང། མེད་པ་དང། རྟག་པ་དང། ཆད་པ་དང། ཤེས་བྱ་དང། ཤེས་པ་ལ་སོགས་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཐ་སྙད་ཅིའང་གདགས་སུ་མེད་པ། འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཞིག་སྟེ། དེ་ནི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་ཞེས་ཐ་སྙད་དུ་བྱས་སོ། །ཞེས་རེད་མདའ་བའི་དབུ་འཇུག་རྣམ་བཤད་ལས་གསུངས། མཚན་ཉིད་ནི། མཐོང་བ་ཡང་དག་པས་དངོས་པོའི་ངོ་བོ་རྙེད་པའི་རྙེད་ཡུལ། རྙེད་ཚུལ་དངོས་པོ་དེའི་ངོ་བོ་ཡོད་མེད་སོགས་སྤྲོས་པའི་མཐའ་ཅིར་ཡང་མ་མཐོང་བའམ། མ་གཟིགས་པའམ། མ་དམིགས་པ་ལ་དངོས་པོའི་ངོ་བོ་རྙེད་ཅེས་ཐ་སྙད་བཏགས་པ་ཙམ་ཡིན་གྱིས་དངོས་པོའི་ངོ་བོ་གྲུབ་པ་ཞིག་རྙེད་པ་མ་ཡིན་ནོ། །མཚན་གཞི་ནི། སྤྲོས་པ་དང་བྲལ་བའོ། །དབྱེ་བ་ནི། རང་གི་ངོ་བོ་ནམ་མཁའ་ལྟར་རོ་གཅིག་པས་རིགས་མི་འདྲ་བའི་དབྱེ་བ་མེད་ཀྱང་རང་རྒྱུད་པ་དག ཡུལ་ཅན་གྱི་བློའི་སྒོ་ནས་རིགས་ཤེས་ཚད་མས་སྤྲོས་པ་བཀག་པའི་དོན་དམ་པ་དང་། འཕགས་པའི་མཉམ་གཞག་གིས་མྱོང་བ་མངོན་དུ་གྱུར་པའི་དོན་དམ་གཉིས་ལས་སྔ་མ་ནི་རྣམ་གྲངས་པ་དང་། ཕྱི་མ་ནི་རྣམ་གྲངས་མ་ཡིན་པར་བཞེད་དོ། ། ཐལ་འགྱུར་བས་ནི་སོ་སོ་སྐྱེ་བོས་གནས་ལུགས་དཔྱོད་པའི་རིགས་ཤེས་ཀྱིས་དོན་དམ་གཏན་ལ་ཕབ་པའི་ཚེ་འཕགས་པའི་གཟིགས་ངོའི་དོན་དམ་བདེན་པ་གཏན་ལ་ཕབ་པར་རློམ་ནས་དོན་དམ་བདེན་པ་རྟོགས་ཞེས་པའི་ཐ་སྙད་བྱེད་ལ། དེའི་ཚེ་དོན་དམ་པའི་མཚན་ཉིད་དང་དབྱེ་བ་སོགས་ནི་འཕགས་པའི་གཟིགས་ངོའི་དོན་དམ་བདེན་པ་མཚན་ཉིད་པར་རློམ་ནས་འཇོག་དགོས་པ་ལ་དགོངས་ནས་དབྱེ་བ་གཉིས་སུ་མ་མཛད་དོ། །འདི་དག་ལ་དགག་བྱའི་སྒོ་ནས་གང་ཟག་གི་བདག་གིས་སྟོང་པའི་དོན་དམ་བདེན་པ་དང་ཆོས་ཀྱི་བདག་གིས་སྟོང་པའི་དོན་དམ་བདེན་པ་གཉིས་དང་། ཆོས་ཅན་གྱི་སྒོ་ནས་ཆོས་ཅན་ཕྱིའི་དོན་དམ་བདེན་པ་སོགས་ཉི་ཤུར་དབྱེ་བའང་རུང་མོད་ཀྱི་དེ་དག་གི་ཐ་སྙད་ནི་བདག་མེད་དང་སྟོང་ཉིད་ཀྱི་སྒོ་ནས་འཇོག་པར་སྣང་བས་དེའི་དབྱེ་བར་མ་བཤད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མ་སྤྱི་དོན་ལས་གསུངས། |
{{#arraymap:དོན་དམ་བདེན་པ་
|; |@@@ | | }}