30924
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཐལ་འགྱུར་པ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། དོན་དམ་བདེན་པ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པར་གསུངས་པ་དེ་རབ་རིབ་ཅན་དང་རབ་རིབ་ཅན་མ་ཡིན་པའི་སྣང་ཚུལ་གྱི་དཔེ་ལ་བརྟེན་ནས་བཤད་དགོས་པས། དེ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའི་དོན་དེ། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་གང་ཟག་གིས་རང་ཉིད་ཀྱིས་མངོན་སུམ་དུ་རྟོགས་པ་ལྟར་གཞན་ལ་སྟོན་མི་ནུས་པ་དང༌། ཉན་པ་པོས་འཆད་པ་པོས་མངོན་སུམ་དུ་རྟོགས་པ་ལྟར་རྟོགས་མི་ནུས་པའི་དོན་ཡིན་གྱི། སྤྱིར་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའི་དོན་མ་ཡིན་ཏེ། ངེས་དོན་གྱི་གསུང་རབ་ཀྱིས་བརྗོད་པར་ནུས་ཤིང་དེ་ལ་འཇུག་པའི་ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས་པར་ནུས་པའི་ཕྱིར། དེར་ཐལ། |
| Example | རབ་རིབ་དང་བྲལ་བའི་གང་ཟག་གིས་རང་ཉིད་ཀྱི་བསེ་རུའི་ནང་དུ་སྐྲ་ཤད་མེད་པ་མངོན་སུམ་དུ་རྟོགས་པ་ལྟར། རབ་རིབ་ཅན་ལ་སྟོན་མི་ནུས་ཀྱང་སྤྱིར་བསེ་རུའི་ནང་དུ་སྐྲ་ཤད་མེད་པར་སྟོན་ནུས་པ་དང༌། རབ་རིབ་ཅན་གྱི་གང་ཟག་གིས་སྔ་མས་རྟོགས་པ་ལྟར་རྟོགས་མི་ནུས་ཀྱང་སྤྱིར་བསེ་རུའི་ནང་དུ་སྐྲ་ཤད་མེད་པར་རྟོགས་ནུས་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |