30925
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། བདེན་གཉིས་གསལ་བའི་ཉི་མ་ལས། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། དོན་དམ་བདེན་པའི་མཚན་ཉིད། ཅེས་དང་། དོན་དམ་བདེན་པའི་སྐད་དོད་ནི། བདེན་གཉིས་གསལ་བའི་ཉི་མ་ལས། པ་རཱ་མ་ཨརྠ་སཏ་ཏྱ་ཞེས་པའི་པ་རཱ་མ་མཆོག་གམ་དམ་པ་དང་། ཨརྠ་དོན་ཏེ་རྫུན་མེད་བསླུ་མེད་ཀྱི་ཆོས་ཉིད་དམ་པ་རྣམས་ལ་འཇུག་པའི་དོོན་ཡིན་པས་དོན་དམ་པ་དང་། འཕགས་པའི་ཤེས་ཡུལ་དུ་བདེན་པས་བདེན་པའོ། །རྒྱུད་བླར། བརྫུན་མེད་བསླུ་མེད་ཆོས་ཉིད་དང་། །ཞེས་དང་། དབུས་མཐར། དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། །ཞེས་སོ། །ཞེས་གསུངས། |
| Domain | ལྟ་གྲུབ། |