30929

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཆོས་ཉིད་ཀྱི་ཐིག་ལེ་མི་ཤིགས་པ་ཆེན་པོ་ཞེས་བྱ་སྟེ། རྒྱུད་ལས་ཀྱང་། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོགས་རྒྱུད་ཐམས་ཅད་ལས་རྒྱ་ཆེར་གསུངས་པ་སྟེ། ཆོས་ཉིད་བདེ་གཤེགས་སྙིང་པོ་གདོོད་མ་ནས་སྤྲོས་བྲལ་མི་འགྱུར་བའི་བདེ་བར་གནས་པ་ཉིད་དེ། འདི་ཡང་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། བརྟགས་པ་དང་བརྟགས་པའི་ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་ཡང་དག་པའི་ལམ་དུ་འགྱུར་ཚུལ་ཡང་ཤེས་པར་བྱའོ། །
Domain ཆོས་ལུགས།