30934

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་ལ་ལྟོས་ཏེ་སྲིད་མཐའ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བདེན་གྲུབ་དེ་དོན་དམ་ལ་ལྟོས་ཏེ་སྲིད་མཐའ་ཡིན་ཅིང་སྤྱིར་སྲིད་མཐའ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར། ཆོས་རྣམས་བདེན་གྲུབ་དེ་ཡོད་མཐའ་དང་རྟག་མཐའ་དང༌། སྒྲོ་འདོགས་ཀྱི་མཐའ་གསུམ་ཀ་ཡིན་ཏེ། ཆོས་རྣམས་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་དེ་ཡོད་པའི་མཐར་འཛིན་གྱི་བློ་དང། རྟག་མཐའི་མཐར་འཛིན་གྱི་བློ་དང། སྒྲོ་འདོགས་ཀྱི་མཐར་འཛིན་གྱི་བློ་ཡིན་པའི་ཕྱིར། ཡོད་མཐའ་ཡིན་ན། རྟག་མཐའ་ཡིན་དགོས། རྟག་མཐའ་ཡིན་ན། ཡོད་མཐའ་ཡིན་དགོས་ཀྱང། དེ་གཉིས་དོན་གཅིག་མིན་སྟེ། དེ་གཉིས་མེད་པའི་ཕྱིར་ཏེ། རང་ཉིད་ལ་གནས་པའི་རྟེན་གྱི་གང་ཟག་ཡང་སྲིད་དུ་ཉིང་མཚམས་སྦྱོར་བར་བྱེད་པའི་གང་ཟག་གི་བདེན་འཛིན་བདེན་པར་གྲུབ་པ། དོན་དམ་ལ་བལྟོས་ཏེ་སྲིད་མཐའ་ཡིན་ཏེ། དེ་འདྲའི་གང་ཟག་གི་བདེན་འཛིན་དེ་ཀུན་རྫོབ་ལ་བལྟོས་པའི་སྲིད་མཐའ་ཡིན་པའི་ཕྱིར།
Domain ཆོས་ལུགས།