30938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དམ་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། བདག་རྐྱེན་དགེ་བའི་བཤེས་གཉེན་དང་། རྒྱུ་ཚོགས་གཉིས་རྫོགས་པ་ལས་སྐྱེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། ། ངེས་ཚིག་ནི། ཆོས་ཉིད་དོན་དམ་པ་མཐོང་བས་ཐོབ་པའི་སེམས་བསྐྱེད་ཡིན་པས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། མཚན་ཉིད་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པའི་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བའོ། །བྱང་སེམས་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་ལ་མཉམ་པར་གཞག་པའི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་ཡིན་ནོ། །ས་དང་པོའི་མཉམ་གཞག་གིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང་མཚུངས་ལྡན་དང་བཅས་པའི་ཆ་ནས་སྨོན་པ་སེམས་བསྐྱེད་དང། བྱང་ཆུབ་ཀྱི་ཆེད་དུ་ལམ་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའི་ཆ་ནས་འཇུག་པ་སེམས་བསྐྱེད། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཆ་ནས་དོན་དམ་སེམས་བསྐྱེད་དུ་འཇོག་པ་ནི་ཚད་ལྡན་གྱི་གཞུང་ལུགས་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་པ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པས་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།

{{#arraymap:དོན་དམ་སེམས་བསྐྱེད་

|; |@@@ | | }}

དོན་དམ་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition ཆོས་ཉིད་སྒོམ་པའི་སྟོབས་ཀྱིས་ཐོབ་པའི་ཐེག་ཆེན་གྱི་སེམས་བསྐྱེད་དོ། །ས་མཚམས་ནི། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ཐེག་ཆེན་གྱི་དོན་དམ་སེམས་བསྐྱེད་ཡིན་ན་འཇུག་པ་སེམས་བསྐྱེད་ཡིན་པས་ཁྱབ་པ་ཡིན་ཏེ། དེ་ཡིན་ན་བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་ཟིན་པས་ཁྱབ་པའི་ཕྱིར་རོ། །

{{#arraymap:དོན་དམ་སེམས་བསྐྱེད་

|; |@@@ | | }}

དོན་དམ་སེམས་བསྐྱེད་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཐེག་ཆེན་གྱི་སེམས་བསྐྱེད་གང་ཞིག སྟོང་ཉིད་ལ་གཉིས་སྣང་ནུབ་པ་དེའོ། །དེ་ལ་དབྱེ་ན། བཅུ་གཅིག་ཡོད་དེ། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱི་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་དོན་དམ་སེམས་བསྐྱེད་ཡིན་པའི་ཕྱིར། ས་མཚམས་ནི། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དེ། དེ་ཡི་རབ་དགའ་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར། སྒྲ་བཤད་ནི། དོན་དམ་པའི་ཆོས་ལ་དམིགས་པའི་སེམས་བསྐྱེད་ཡིན་པས་ན། དོན་དམ་སེམས་བསྐྱེད་ཞེས་བྱ་སྟེ། ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པའི་ཕྱིར།

{{#arraymap:དོན་དམ་སེམས་བསྐྱེད་

|; |@@@ | | }}

དོན་དམ་སེམས་བསྐྱེད་ (4)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སྒོ་ནས་ཐེག་ཆེན་གྱི་ཤེས་རབ་ཁྱད་པར་ཅན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་རྣམ་པར་ཤེས་པ་ཁྱད་པར་ཅན་དུ་དམིགས་པ།

{{#arraymap:དོན་དམ་སེམས་བསྐྱེད་

|; |@@@ | | }}

དོན་དམ་སེམས་བསྐྱེད་ (5)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། དོན་དམ་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་གང་རུང་ཡང་ཡིན། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་ལ་མངོན་སུམ་དུ་མཉམ་པར་བཞག་པའི་གཞན་རིག་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་བདེན་འཛིན་གྱི་གཉེན་པོའི་རིགས་སུ་གནས་པ། ཡང་ན། དམ་པ་གསུམ་དང་ལྡན་པའི་སྒོ་ནས་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་གཞན་རིག་ཡིད་ཀྱི་རྣམ་པར་ཤེས་པ་གང་ཞིག བདེན་འཛིན་གྱི་གཉེན་པོའི་རིགས་སུ་གནས་པ། དམ་པ་གསུམ་ནི། སྔོན་སངས་རྒྱས་མང་པོ་མཉེས་པར་བྱས་ནས་དེ་ལས་ལུང་ནོས་པ་ལ་བརྟེན་ནས་ཐོབ་པའི་ལུང་ནོས་དམ་པ། བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་བསགས་པ་སྔོན་དུ་སོང་བའི་རྒྱུ་དམ་པ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཁོང་དུ་ཆུད་པ་དམ་པ་བཅས་ཡིན། དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་འགལ་མི་འགལ་ནི། སློབ་པའི་རྒྱུད་ཀྱི་དེ་གཉིས་འགལ་ཀྱང་སངས་འཕགས་ཀྱི་རྒྱུད་ཀྱི་དེ་གཉིས་མི་འགལ་ཏེ། དེའི་རྒྱུད་ཀྱི་སེམས་བསྐྱེད་ཡིན་ན། དོན་དམ་པའི་སྐུར་གྱུར་པའི་ཆོས་ཉིད་དང། གཟུགས་སྐུ་གཉིས་ཀ་ལ་དམིགས་པའི་སེམས་བསྐྱེད་ཡིན་དགོས་པའི་ཕྱིར།

{{#arraymap:དོན་དམ་སེམས་བསྐྱེད་

|; |@@@ | | }}