30940
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། དབུ་མ་པའི་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་དབུ་མ་པའི་ལུགས་སུན་འབྱིན་པར་བྱེད་པའི་དངོས་སྨྲ་བས་བརྗོད་པའི་སུན་འབྱིན་དུ་དམིགས་པ། དེའི་མཚན་ཉིད། དེ་ལ་ཡང་དབུ་མ་པའི་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་ཀུན་རྫོབ་ཀྱི་དེ་སུན་འབྱིན་པ་དང། དེའི་དོན་དམ་གྱི་ཁས་བླངས་རྟགས་སུ་བཀོད་ནས་དོན་དམ་གྱི་དེ་སུན་འབྱིན་པ་དང་གཉིས། མཚན་གཞི་རིམ་པ་བཞིན། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། དངོས་པོ་བདེན་པར་མ་གྲུབ་པའི་ཕྱིར་དང༌། དངོས་པོ་བདེན་པས་སྟོང་པའི་སྟོང་ཉིད་བདེན་པར་གྲུབ་པར་ཐལ། དངོས་པོ་བདེན་པར་མ་གྲུབ་པའི་ཕྱིར། ཞེས་པ་ལྟ་བུའོ། ། |
| Domain | ཆོས་ལུགས། |