30944
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། བློ་ཆུང་དག་མན་ངག་ཐབས་ཀྱིས་མ་ཟིན་ན་སྐྱོན་དུ་འགྱུར་ཚུལ་བཞིར་གསུངས་པ་སྟེ། མན་ངག་གི་ཐབས་ཀྱིས་མ་ཟིན་པའི་རྣམ་པར་དཀར་བའི་ལས་ཀྱིས་ཀྱང་གོ་འཕང་དམ་པར་མི་འགྱུར་བ། ཐབས་ཀྱི་མན་ངག་མེད་ན་ཡང་དག་པའི་སྤྱོད་པ་ལ་འབད་ཀྱང་རང་གི་རྟོག་པས་རང་འཆིང་བ། མན་ངག་གི་ཐབས་ཀྱིས་དོན་མཐོང་བ་མེད་པར་འཆིང་བའི་ལས་ལ་སྤྱད་ན་སླར་འཁོར་བར་ལྟུང་བ་ལས་ཐར་པ་མེད་པ། གང་ཐབས་ཀྱི་མན་ངག་མེད་ན་འཆིང་བར་འགྱུར་བ་དང་བཞིའོ། ། |
| Domain | ཆོས་ལུགས། |