30946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་དྲུག་ (1)
Part of speech གྲངས་ཚིག
Definition གྲངས་ཀ་བདུན་ཅུའི་ཁར་དྲུག་བསྣན་པ།
Keyword True
དོན་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ལྟ་བ་བླ་ན་མེད་པའི་དོན། སྤྱོད་པ་བླ་ན་མེད་པའི་དོན། ཕྲིན་ལས་བླ་ན་མེད་པའི་དོན། དམ་ཚིག་བླ་ན་མེད་པའི་དོན། རྟོགས་པ་སེམས་ཀྱི་དོན། དངོས་གྲུབ་བསྙེམས་པའི་དོན་དང་དྲུག་གོ ། དེ་ལ་ཡང་ཡབ་ཡུམ་སྲས་དང་ཁྲི་ཁུགས་བཞི་ཡིས་ལྟ་བའི་དོན་དུ་སྡོང་པོ་དགུ་འདུས་ལེའུ་སུམ་བརྒྱ་དྲུག་ཅུ་པ། སྤྱོད་པའི་དོན་དུ་མན་ངག་ཐིག་ལེ་དབྱིངས་འཆད་ལེའུ་བཅུ་བདུན་པ། ཕྲིན་ལས་ཀྱི་དོན་དུ་གསས་མཁར་གཡུང་དྲུང་ཡོངས་སུ་རྫོགས་པ་ལེའུ་སུམ་ཅུ་རྩ་དྲུག་པ། དམ་ཚིག་གི་དོན་དུ་ས་མ་ཡ་འབུམ་སྡེ། རྟོགས་པ་སེམས་ཀྱི་དོན་དུ་མན་ངག་ཀློང་འཆད་གཡུང་དྲུང་སེམས་ཀྱི་མྱུ་གུ་གབ་པ་དགུ་སྐོར་བ་ལེའུ་སུམ་ཅུ་རྩ་བདུན་པ། དངོས་གྲུབ་ཀྱི་དོན་དུ་གོང་གི་དོན་ལྔ་པོ་དེ་དག་ཐོས། ཤེས། རིག གོ བརྡ་འཕྲོད། ཡིད་ཆེས། རྟོགས་ཤིང་བསྒོམ་ནུས་ན་དངོས་གྲུབ་ལག་འཆང་དུ་འབྱུང་བ། རྒྱུ་དང་འབྲས་བུའི་དངོས་གྲུབ་ཀྱི་ལེའུ་ལྔ་བཅུ་པ་གཏན་ལ་ཕབ་པར་གསུངས་སོ། །དེ་ཡང་མཚན་མ་ཚིག་གི་སྒོ་ནས་གསུངས་པའི་དོན་ཡིན་པར་མངོན་ནོ། །གོང་དུ་ཡབ་ཡུམ་སྲས་དང་ཁྲི་ཁུགས་བཞི་ཞེས་པའི་ཡབ་ནི་ཁྲི་བཞི་ནམ་ཏིང། ཡུམ་ནི་བཟང་ཟ་རིང་བཙུན། སྲས་ནི་སྟོན་པ་འཆི་མེད་གཙུག་ཕུད། ཁྲི་ཁུགས་ནི་ཚེ་ལོ་ཁྲི་པའི་རྣམ་འདྲེན་སྟོན་པ་ཁྲི་རྒྱལ་ཁུགས་པ་རྣམས་སོ། །
Domain ཆོས་ལུགས།