30953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་བདུན་ཅུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དོན་བདུན་ཅུ་བཞག་དུ་ཡོད་དེ། ༡ ཐེག་ཆེན་སེམས་བསྐྱེད། ༢ ཐེག་ཆེན་གྱི་གདམས་ངག ༣ ཐེག་ཆེན་གྱི་སྦྱོར་ལམ། ༤ ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས། ༥ ཐེག་ཆེན་སྒྲུབ་པའི་དམིགས་པ། ༦ ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ། ༧ གོ་སྒྲུབ། ༨ འཇུག་སྒྲུབ། ༩ ཚོགས་སྒྲུབ། ༡༠ ངེས་བྱུང་སྒྲུབ་པ་སྟེ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། ༡༡ ལམ་ཤེས་ཀྱི་ཡན་ལག། ༡༢ ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། ༡༣ རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ༡༤ ཐེག་ཆེན་གྱི་མཐོང་ལམ། ༡༥ ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པ་ཕན་ཡོན། ༡༦ མོས་པ་སྒོམ་ལམ། ༡༧མོས་པ་སྒོམ་ལམ་གྱི་བྱེད་པ་ཕན་ཡོན། ༡༨ བསྔོ་བ་སྒོམ་ལམ། ༡༩ རྗེས་སུ་ཡི་རང་སྒོམ་ལམ། ༢༠ སྒྲུབ་པ་སྒོམ་ལམ། ༢༡ རྣམ་དག་སྒོམ་ལམ་སྟེ་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག། ༢༢ ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས། ༢༣ སྙིང་རྗེ་ཞི་མཐའ་ལ་མི་གནས་པའི་ལམ་ཤེས། ༢༤ འབྲས་ཡུམ་ལ་རིང་བའི་གཞི་ཤེས། ༢༥ འབྲས་ཡུམ་ལ་ཉེ་བའི་གཞི་ཤེས། ༢༦ མི་མཐུན་ཕྱོགས་ཀྱི་གཞི་ཤེས། ༢༧ མཉེན་པོ་ཕྱོགས་ཀྱི་གཞི་ཤེས། ༢༨ སེམས་དཔའི་གཞི་ཤེས་སྦྱོར་བ། ༢༩ བྱང་སེམས་ཀྱི་སྦྱོར་བའི་མཉམ་ཉིད། ༣༠ སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་སྟེ་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ ༣༡ གཉེན་པོ་ཕྱོགས་ཀྱི་ཤེས་རྣམ། ༣༢ ཐེག་ཆེན་སྦྱོར་བ། ༣༣ ཐེག་ཆེན་སྦྱོར་བའི་ཡོན་ཏན། ༣༤ ཐེག་ཆེན་སྦྱོར་བ་བསྒོམ་པ་ལ་བར་དུ་གཅོད་པའི་སྐྱོན། ༣༥ ལམ་ཤེར་ཕྱིན་གྱི་རྣལ་འབྱོར། ༣༦ ཐེག་ཆེན་གྱི་ཚོགས་ལམ། ༣༧ སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ། ༣༨ ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན། ༣༩ སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ༤༠ ཞིང་དག་སྦྱོར་བ། ༤༡ ཐབས་མཁས་སྦྱོར་བ་སྟེ་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག། ༤༢ དྲོད་རྩེ་སྦྱོར། ༤༣ རྩེ་མོའི་རྩེ་སྦྱོར། ༤༤ བཟོད་པའི་རྩེ་སྦྱོར། ༤༥ ཆོས་མཆོག་རྩེ་སྦྱོར། ༤༦ མཐོང་ལམ་རྩེ་སྦྱོར། ༤༧ སྒོམ་ལམ་རྩེ་སྦྱོར། ༤༨ བར་ཆད་མེད་པའི་རྩེ་སྦྱོར། ༤༩ བསལ་བྱ་ལོག་སྒྲུབ་སྟེ་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། ༥༠ སྤྱིན་པའི་ཕར་ཕྱིན་གྱི་མཐར་གྱི་སྦྱོར་བ། ༥༡ ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་མཐར་གྱི་སྦྱོར་བ། ༥༢ བཟོད་པའི་ཕར་ཕྱིན་གྱི་མཐར་གྱི་སྦྱོར་བ། ༥༣ བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་མཐར་གྱི་སྦྱོར་བ། ༥༤ བསམ་གཏན་གྱི་ཕར་ཕྱིན་གྱི་མཐར་གྱི་སྦྱོར་བ། ༥༥ ཤེས་རབ་ཀྱི་ཕར་ཕྱིན་གྱི་མཐར་གྱི་སྦྱོར་བ། ༥༦ སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱི་སྦྱོར་བ། ༥༧ ཆོས་རྗེས་སུ་དྲན་པའི་མཐར་གྱི་སྦྱོར་བ། ༥༨ དགེ་འདུན་རྗེས་སུ་དྲན་པའི་མཐར་གྱི་སྦྱོར་བ། ༥༩ ཚུལ་ཁྲིམས་རྗེས་སུ་དྲན་པའི་མཐར་གྱི་སྦྱོར་བ། ༦༠ གཏོང་བ་རྗེས་སུ་དྲན་པའི་མཐར་གྱི་སྦྱོར་བ། ༦༡ ལྷ་རྗེས་སུ་དྲན་པའི་མཐར་གྱི་སྦྱོར་བ། ༦༢ དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱི་སྦྱོར་བ་སྟེ་མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། ༦༣ རྣམ་པར་སྨིན་པ་མིན་པའི་སྐད་ཅིག་སྦྱོར། ༦༤ རྣམ་པར་སྨིན་པའི་སྐད་ཅིག་སྦྱོར། ༦༥ མཚན་ཉིད་མེད་པའི་སྐད་ཅིག་སྦྱོར། ༦༦ གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ཏེ། སྐད་ཅིག་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། ༦༧ ངོ་བོ་ཉིད་སྐུ། ༦༨ ལོངས་སྤྱོད་རྫོགས་སྐུ། ༦༩ སྤྲུལ་སྐུ། ༧༠ ཡེ་ཤེས་ཆོས་སྐུ་མཛད་པ་འཕྲིན་ལས་དང་བཅས་པ་སྟེ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་སྟེ་བདུན་ཅུ་དེ་ཡིན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:དོན་བདུན་ཅུ་

|; |@@@ | | }}