30962

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་བསྡུས་དྲུག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། གདུལ་བྱའི་བསམ་པ་དང་མཐུན་པར་དོན་མངོན་པར་རྟོགས་པ་བརྒྱད་ལས་བསྒོམ་བྱ་མཁྱེན་པ་གསུམ་ལ་མཚན་ཉིད་ཅེས་གཅིག་ཏུ་བགྲངས་ནས་ཕྱི་མ་ལྔ་རེ་རེར་བགྲང་བས་དྲུག་ཏུ་བྱས་ནས་སྟོན་པ་དོན་བསྡུས་དྲུག་ཅེས་ཟེར། དེའི་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། གསུམ་པ་བསྡུས་དོན་གཞན་བསྟན་པ་ལ། དོན་དྲུག་ཏུ་བསྡུ་བ། དོན་གསུམ་དུ་བསྡུ་བའོ། །དང་པོ་ལ། མཚམས་སྦྱར། རྩ་བ། འགྲེལ་པའོ། །དང་པོ་ནི། སྤྲོས་པ་རྒྱས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་དོན་དུ་དེ་ལྟར་དོན་བརྒྱད་ཀྱི་སྒོ་ནས་བསྡུས་དོན་རྣམ་པར་བཤད་ནས་ཡང་དེ་ལས་འབྲིང་དུ་དད་པའི་གང་ཟག་ལ་བསྡུས་དོན་གཞན་དྲུག་ཏུ་བསྡུས་ནས་རྣམ་པར་བཤད་པ། གཉིས་པ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ཏེ་རྣམ་པ་དྲུག ། རྒྱན་གྱི་དོན་བསྡུས་བརྒྱད་ལས་གཞན་སྟེ་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། མཁྱེན་པ་གསུམ་གྱི་ངོ་བོར་གྱུར་པའི་མཚན་ཉིད་དང༌། དེའི་ཉམས་སུ་ལེན་པའི་རྣམ་རྫོགས་སྦྱོར་བ་དང༌། སྦྱོར་བ་དེ་རབ་ཏུ་གྱུར་པའི་རྩེ་མོ་དང༌། མཁྱེན་གསུམ་དེ་ཡི་ཉམས་ལེན་གྱི་གོ་རིམ་མཐར་གྱིས་པ་དང༌། མཁྱེན་གསུམ་དེའི་སྦྱོར་བ་མཐར་ཐུག་པ་སྐད་ཅིག་སྦྱོར་དང༌། མཁྱེན་གསུམ་དེ་ཡི་རྣམ་སྨིན་ཆོས་སྐུ་དང་དྲུག་ནི་རྒྱན་གྱི་བསྡུས་དོན་འབྲིང་དུ་ཤེས་པར་བྱ་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།