30970
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དོན་བྱེད་སྣང་ཅན་གྱི་དབང་མངོན་ཚད་མ་ཞེས་པ་ནི། རང་ལས་ངེས་ཀྱི་ཚད་མ་གང་ཞིག་ལ་རང་ཡུལ་གཙོ་བོ་དེས་ཕྱི་རོལ་གྱི་བྱ་བ་གང་ཞིག་བྱེད་པ་རང་ལ་སྣང་བའམ་ངེས་པའི་དབང་མངོན་ཚད་མ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། དོན་བྱེད་སྣང་ཅན་གྱི་དབང་མངོན་ཚད་མའི་མཚན་གཞིར། མེས་བུད་ཞིང་བསྲེག་པའི་དོན་བྱེད་པར་ནུས་པར་འཛིན་པའི་དབང་མངོན་ལྟ་བུའོ། །ཞེས་གསུངས་སོ། ། |
| Domain | ཚད་མ། |