30978

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་མཐུན་པ་ (1)
Part of speech མིང་ཚིག
Definition ནང་དོན་གཉིས་གཅིག་ཏུ་སོང་བའམ་དོན་གཉིས་འདྲ་བའི་དོན་ཏེ།
Example དོན་མཐུན་པ་རྣམས་སོ་སོར་དགོས་པ་མི་འདུག་ལྟ་བུ།
དོན་མཐུན་པ་ (2)
Part of speech མིང་ཚིག
Definition མདོ། དོན་མཐུན་པ་ནི། གཞན་དགེ་བ་ལ་གཞུག་པའི་དོན་དུ། རང་དགེ་བ་ལ་འཇུག་པའོ། །དཔེར་ན་སྦྱིན་པས་བསྡུས། ཆོས་བཤད། དེའི་དོན་དེ་ཉམས་སུ་ལེན་དུ་བཅུག་ཀྱང། ལེ་ལོ་དང་བག་མེད་པའི་སྒོ་ནས་དེ་ལ་བརྩོན་པར་མི་བྱེད་ན་དེ་གཞུག་པའི་དོན་དུ་རང་དེ་ལ་འཇུག་སྟེ། དཔེར་ན་བླ་མ་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱས་ན་བསོད་ནམས་ཆེའོ། །ཞེས་བསྐུལ་བས་དེ་མི་ནུས་ཞེས་ཟེར་ན་དེ་ལྟར་ན་ང་བསྙེན་བཀུར་ཅིག་བྱེད་འདོད་ན་ཁྱེད་དེའི་གྲོགས་བྱེད་དམ་ཞེས་དྲིས་པས། འོ་ན་ང་ཡང་དེའི་གྲོགས་བྱེད་དོ་ཞེས་ཟེར་ནས་འཇུག་པ་ལྟ་བུའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱར་ཏེ་དམ་པའི་ཆོས་ཉན་མི་ནུས་ཞེས་ཟེར་ན་དེ་ལྟ་ན་ང་ཉན། འོ་ན་ང་ཡང་ཉན་ཞེས་འཇུག་པར་འགྱུར་བ་ལྟ་བུའོ། །དཔེར་ན་སྔོན་བྱང་ཆུབ་སེམས་དཔའ་སྐྲ་མཛེས་བྱ་བ་ཞིག་གྲོང་ཁྱེར་དུ་ཞུགས་པ་ན། བུད་མེད་ཞིག་བུའི་རོ་ལ་འཐམས་ཏེ་མ་འཕྲེང་བ་མཐོང་ནས་དུར་ཁྲོད་ནས་དེ་དང་འདྲ་བའི་རོ་གཅིག་བཙལ་ཏེ་དེའི་ཕྱི་བཞིན་དུ་འབྲངས་པས་བུད་མེད་དེས་མི་གཙང་བར་མཐོང་སྟེ། གཉིས་ཀ་གྲོས་བྱས་ཏེ་བོར་རོ་ཞེས་གསུངས་པ་ལྟར་རོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས།
Domain ཆོས་ལུགས།