30982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་མན་ངག་གིས་བསྒྲུབ་པར་བསླབ་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། དོན་མན་ངག་གིས་སྒྲུབ་པ་གསེར་འགྱུར་གྱི་རྩི་ལྟར་བཤད་པའི་ཚུལ་ནི། ཀུན་འདུས་རིག་པའི་མདོ་ལས། ཇི་ལྟར་མུན་པ་དུག་དང་རྫས། །སྨན་སྣང་གསེར་དུ་བསྒྱུར་བས་ན། །འགྱུར་རྩིའི་མན་ངག་མེད་པའི་མིས། །དཀའ་བའི་ལས་ཆེན་སྣ་ཚོགས་པས། །སྡུག་བསྔལ་སྤྱད་ཀྱང་མི་འགྲུབ་སྟེ། །སུ་ཞིག་མན་ངག་ལྡན་པའི་མིས། །ཚེགས་མེད་གྱི་ནའི་ཚུལ་གྱིས་ན། །བསྒྱུར་བས་སྨན་སྣག་གསེར་འགྱུར་ལྟར། །རྣལ་འབྱོར་ཆེན་པོའི་དོན་སྒྲུབ་པ། །ཀུན་གཞི་གནས་འགྱུར་མན་ངག་དང༌། །གང་དག་མི་ལྡན་པས་ཀྱང་ནི། །དཀའ་བ་སྤྱད་ཀྱང་འགྲུབ་པ་མིན། །སེམས་ཀྱི་གསང་འདི་སུས་མཐོང་བ། །དེ་དག་མན་ངག་ལྡན་པ་སྟེ། །འདོད་པའི་དོན་མཆོག་གང་ཡིན་པ། །དེ་དག་ཚེགས་མེད་གྱི་ནས་འགྲུབ། །དོན་རྣམས་སྒྲུབ་པར་གང་བྱེད་པ། །མན་ངག་ཅན་གྱིས་འགྲུབ་པའི་ཕྱིར། །དོན་རྣམས་འགྲུབ་པར་འགྱུར་བ་ཡི། །བསླབ་པ་འདི་དག་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར་རྒྱས་པར་མདོ་དགོངས་པ་འདུས་པ་ལེའུ་དོན་བཞི་པར་གསལ།
Domain ཆོས་ལུགས།