30983
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་དོན་མན་ངག་གིས་ཟིན་ན་ཡོན་ཏན་དྲུག་དང་ལྡན་པར་གསུངས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལྟ་བའི་ངེས་གསང་གིས་ཟིན་པའི་ཐབས་ཀྱི་ཡོན་ཏན། སྒོམ་པས་ཡོངས་གྲོལ་དུ་འཇུག་པའི་ཐབས་ཀྱི་ཡོན་ཏན། སྤྱོད་པས་དོན་ཆེན་པོར་བོགས་དབྱུང་བའི་ཐབས་ཀྱི་ཡོན་ཏན། རྟོགས་པའི་རྩལ་གྱིས་ཚེགས་དང་བྲལ་བའི་ཐབས་ཀྱི་ཡོན་ཏན། བློ་གྲོས་དམ་པའི་ཐབས་དང་ལྡན་པའི་མན་ངག་གི་ཡོན་ཏན། དེའི་ཕྱིར་མན་ངག་དག་གི་བབས་ལ་མཁས་ན་དོན་མཆོག་ཀུན་མ་བཙལ་ལྷུན་གྲུབ་ཏུ་འབྱུང་བའི་ཡོན་ཏན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |