31020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་ཡོངས་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། དོན་ཡོངས་གསུམ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། འཇམ་དཔལ་གྱི་དགོངས་པ་ཡང་དག་པའི་ཁུངས་བཟུང་བ་ནི་གསུམ་སྟེ། དོན་ཟབ་དོན་ནི་རྒྱ་ཆེ་བ། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཞེས་པ། བཀའ་ཚོམས་ཆེན་པོ་གསུམ་སྟེ། འདི་ལ་ཐེ་ཚོམ་དང་ཡིད་གཉིས་མ་ཞུགས་ན་དོན་ཡོངས་སུ་གྲུབ་པའོ།
Domain [ཆོས་ལུགས།, ལྟ་གྲུབ།]
དོན་ཡོངས་གསུམ་ (2)
Part of speech མིང་ཚིག
Definition དོན་ཡོངས་གསུམ་སྟེ། གཞི་སྐྱེ་བ་མེད་པ། ལམ་ཀ་ནས་དག་པ། འབྲས་བུ་བློ་ལས་འདས་པའི་དོན་དང་གསུམ། ཞེས་གསུངས།