31030

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་ཡོད་ཞགས་པའི་གཟུངས་ཀྱི་སྒྲུབ་ཆོག་ (1)
Part of speech མིང་ཚིག
Definition སྔགས་ཀྱི་ཆོ་གའི་སྐོར། གཞུང་མཚན་རྒྱས་པ། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་གཟུངས་ཀྱི་བསྒྲུབ་པའི་ཆོ་ག་ཐུགས་རྗེའི་ཆར་འབེབས། མཛད་པ་པོ་ཇོ་ནང་མཚལ་མིན་པ་བསོད་ནམས་བཟང་བོ། གཞུང་དེའི་ཁུངས་ནི། གཞུང་དེའི་མཇུག་ཏུ། ཆོ་ག་ཞིབ་མོ་དང་། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་བས་མཛད་པའི་མངོན་རྟོགས་དང་། ཙཎྚ་གོ་མིས་མཛད་པའི་བསྟོད་པ་དང་། བོད་དུ་ཆོས་འདི་དར་རྒྱས་སུ་མཛད་པ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་བ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་སོགས་པའི་ཕྱག་སྲོལ་གཞིར་བྱས་ཤིང་། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་གཟུངས་བསྒྲུབ་རྐྱང་བའི་ཆོ་ག་བྱེད་ཚུལ་གྱིས་ཀྱང་བརྒྱན་ཏེ། དགེ་སློང་བསོད་ནམས་བཟང་བོས་དཔལ་རྒྱ་མཁར་གྱི་གཙུག་ལག་ཁང་དུ་སྦྱར་བའོ། །ལྡེབ་གྲངས་བཅུ་བཞི་ཙམ་བཞུགས་སོ། །