31038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་ཡོད་རྣམ་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྦྱིན་པ་སྔོན་སོང་དོན་ཡོད། ཚུལ་ཁྲིམས་སྔོན་སོང་དོན་ཡོད། བཟོད་པ་སྔོན་སོང་དོན་ཡོད། བརྩོན་འགྲུས་སྔོན་སོང་དོན་ཡོད། བསམ་གཏན་སྔོན་སོང་དོན་ཡོད། ཤེས་རབ་སྔོན་སོང་དོན་ཡོད་དང་དྲུག་གོ ། དེ་ཡང་སྦྱིན་པ་སྔོན་དུ་སོང་བ་ལས་འབྲས་བུ་དོན་ཡོད་ནི་ཚེ་འདི་སོགས་སུ་མཐུན་རྐྱེན་ཡོ་བྱད་ཕུན་སུམ་འཚོགས་པ། ཚུལ་ཁྲིམས་སྔོན་དུ་སོང་བ་ལས་འབྲས་བུ་དོན་ཡོད་ནི་ཚེ་འདི་སོགས་སུ་དྲི་མ་མེད་པ་གཟི་བརྗིད་དང་ལྡན་པ་རྣམ་པར་དག་པ། བཟོད་པ་སྔོན་དུ་སོང་བ་ལས་འབྲས་བུ་དོན་ཡོད་ནི་ཚེ་འདི་དང་ཚེ་རབས་ཕྱི་མ་རྣམས་སུ་་ཉོན་མོངས་དགྲ་ཚོགས་རང་སར་ཞི་བ། བརྩོན་འགྲུས་སྔོན་དུ་སོང་བ་ལས་འབྲས་བུ་དོན་ཡོད་ནི་ཚེ་འདི་དང་ཕྱི་མ་ཀུན་ཏུ་བསམ་པའི་དོན་འགྲུབ་བར་ཆོད་མེད་པ། བསམ་གཏན་སྔོན་དུ་སོང་བ་ལས་འབྲས་བུ་དོན་ཡོད་ནི་མཐར་ཐུག་མི་འགྱུར་གཡུང་དྲུང་དོན་དང་ལྡན་པ། ཤེས་རབ་སྔོན་དུ་སོང་བ་ལས་འབྲས་བུ་དོན་ཡོད་ནི་དགེ་སྡིག་རྒྱུ་འབྲས་རྣམ་པར་འབྱེད་པའི་དབང་ཐོབ་པ་དང་དྲུག་ཏུ་བཤད་དོ། །དེ་དག་ཡང་དཔོན་གསས་བླ་མའི་ཡོན་ཏན་གྱི་ཁྱད་པར་ལ་དཔེ་དོན་རྟགས་གསུམ་དང་མཚན་ཉིད་ལྡན་པ་བཞི་རུ་བཤད་པའི་རྟགས་དེ་ལ་ཡང་མཐོང་བ་ལྔ་དང་དོན་ཡོད་དྲུག་ཐོབ་པ་བཅུ་རུ་བཤད་པའི་ནང་གསེས་དོན་ཡོད་དྲུག་དེ་ཡིན་ནོ། །
Domain ཆོས་ལུགས།