31047
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། མཚོན་བྱ་དོན་དང་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་ལ་དོན་རྟགས་གཉིས་ཀྱི་རྡོ་རྗེ་ནི། དོན་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པའི་རྟགས་སུ་ལྟེ་བ་ཟླུམ་པོར་གནས་པའོ། །དོན་ནང་དུ་ཡེ་ཤེས་རྣམ་པ་ལྔ་ལ་མངའ་བརྙེས་པ་སྟེ། ནང་ན་རང་གསལ་དུ་གནས་པས་ཕྱི་རོལ་དུ་རྟགས་རྭ་ལྔར་བྱུང་བའོ། །བུམ་པའི་ཁ་ཁྱེར་གཉིས་ནི་ཐབས་ཤེས་རབ་གཉིས་ཀྱི་རྟགས་སོ། །དཀྱིལ་འཁོར་གྱི་རྩེ་མོ་ནི་ཡེ་ཤེས་ཟང་ཐལ་གྱི་རྟགས་སོ། །དབུས་ཀྱི་ལྟེ་བ་ཟླུམ་པོར་འདུག་པ་ནི་སྐྱེ་མེད་ཀ་དག་སྙིང་པོའི་གནས་ལུགས་ཀྱི་རིགས་སོ། །ཞེས་གསུངས། |
| Domain | [ཆོས་ལུགས།, ལྟ་གྲུབ།] |