31048
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །ཞེས་གསུངས་པས་དོན་གྱི་རྣམ་པ་བསྟན་པའི་ཕྱིར་དང། མདོ་ལས། རྣམ་པ་གང་དག་དང་རྟགས་གང་དག་དང་ཞེས་པའི་རྣམ་པའི་སྒྲས་ཕྱི་རོལ་གྱི་དོན་ཡང་བཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་སྔོན་གྱི་སློབ་དཔོན་འགའ་ཞིག་ནི། ཡུལ་བདེན་བཞིའི་ཁྱད་པར་དོན་རྣམ་སྟེ། གང་ཟག་གི་བདག་མེད་ཀྱི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་དང་། རང་བཞིན་སྐྱེ་མེད་ལ་སོགས་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་གཉིས་སོ། །ཞེས་བཤད་པ་ལྟར་ལེགས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཤེས་པས་ཁྱད་པར་དུ་མ་བྱས་པའི་དོན་གྱི་རྣམ་པ་དེ། དོན་རྣམ་གྱི་མཚན་ཉིད། དབྱེ་ན། མི་རྟག་ལ་སོགས་བཅུ་དྲུག་གི་ལྟ་བ་གང་ཟག་གི་བདག་མེད་ཉིད་ཀྱི་དོན་རྣམ་དང། རང་བཞིན་སྐྱེ་མེད་ལྟ་བུ་ཆོས་ཀྱི་བདག་མེད་ཀྱི་དོན་རྣམ་གཉིས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
| Domain | ཆོས་ལུགས། |