31054
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་ལས་བྱུང་བ་སྟེ། ༡ ཕུང་པོ་ལྔ། ༢ ཉེ་བར་ལེན་པའི་ཕུང་ལྔ། ༣ ཁམས་བཅོ་བརྒྱད། ༤ སྐྱེ་མཆེད་བཅུ་གཉིས། ༥ རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས། ༦ འཕགས་པའི་བདེན་པ་བཞི། ༧ དབང་པོ་ཉི་ཤུ་རྩ་གཉིས། ༨ བསམ་གཏན་བཞི། ༩ ཚངས་པའི་གནས་པ་བཞི། ༡༠ ལམ་བཞི། ༡༡ ཏིང་ངེ་འཛིན་བསྒོམ་པ་བཞི། ༡༢ དྲན་པ་ཉེ་བར་གཞག་པ་བཞི། ༡༣ ཡང་དག་པར་སྤོང་བ་བཞི། ༡༤ རྫུ་འཕྲུལ་གྱི་རྐང་པ་བཞི། ༡༥ དབང་པོ་ལྔ༌། ༡༦ སྟོབས་ལྔ། ༡༧ བྱང་ཆུབ་ཀྱི་ཡན་ལག་བདུན། ༡༨ འཕགས་པའི་ལམ་ཡན་ལག་བརྒྱད་པ། ༡༩ དབུགས་རྔུབ་པ་དང༌། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག ༢༠ རྒྱུན་དུ་ཞུགས་པའི་ཡན་ལག་བཞི། ༢༡ དེ་བཞིན་གཤེགས་པའི་སྟོབས་བཅུ། ༢༢ མི་འཇིགས་པ་བཞི། ༢༣ སོ་སོ་ཡང་དག་པར་རིག་པ་བཞི། ༢༤ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ༢༥ སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས། ༢༦ དཔེ་བྱད་བཟང་པོ་བརྒྱད་ཅུ་བཅས་སོ། ། |
| Domain | ཆོས་ལུགས། |