31062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་ལ་འཆོར་མེད་ས་བདག་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དམར་སེར་བཀྲག་ལྡན་ཁྲོ་གཉེར་ཅན། དོན་ལ་འཆོར་མེད་ས་བདག་གྲོགས། ཞེེས་གསུངས་པས། དེ་ལ་ཡང་ལུས་ཀྱི་མདོག་སོགས་དམར་སེར་བཀྲག་མདངས་དང་ལྡན་ཞིང་། བཞིན་ལ་ཁྲོ་གཉེར་ཆགས་པ་སྦྱང་བྱའི་དོན་དང་ནོར་སོགས་ལ་འཆོར་མེད་ཀྱི་གཟེར་ཐེབས་པ་ལྟ་བུ་བསྲུང་བའི་གྲོགས་ལ་བྱའོ། །དེ་ལ་ཡང་ས་བདག་ཅེས་པ་ནི། མཚན་ལྟས་ཀྱི་སྒོ་ནས་བརྗོད་པ་ཡིན་པར་མངོན་ནོ། །
Domain ཆོས་ལུགས།