31064

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་ལ་ལྟོས་ན་མ་གྲུབ་པའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། དགེ་ལུགས། མདོ་སྡེ་བ། རྒོལ་བ་དང་བློ་ལ་ལྟོས་ནས་སྒྲུབ་བྱེད་མ་གྲུབ་པར་སོང་བ་ཙམ་གྱིས་བཞག་པ་མ་ཡིན་པར་དོན་གྱི་ཆ་ནས་མ་གྲུབ་པར་སོང་བ་ཞིག་ལ་ཟེར། དེ་ལ་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་གཏན་ཚིགས། རྟགས་ཆོས་ཐ་དད་དུ་མེད་ནས་མ་གྲུབ་པའི་གཏན་ཚིགས། གཞི་རྟགས་ཐ་དད་དུ་མེད་ནས་མ་གྲུབ་པའི་གཏན་ཚིགས། གཞི་ཆོས་ཐ་དད་དུ་མེད་ནས་མ་གྲུབ་པའི་གཏན་ཚིགས། རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མེད་ནས་མ་གྲུབ་པའི་གཏན་ཚིགས། གཏན་ཚིགས་ཀྱི་ཕྱོགས་གཅིག་ཤེས་འདོད་ཆོས་ཅན་ལ་མེད་ནས་མ་གྲུབ་པའི་གཏན་ཚིགས་དང་བདུན། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། དང་པོ་ལ། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་གཏན་ཚིགས། རྟགས་ཆོས་ཐ་དད་དུ་མེད་ནས་མ་གྲུབ་པའི་གཏན་ཚིགས། གཞི་རྟགས་ཐ་དད་དུ་མེད་ནས་མ་གྲུབ་པའི་གཏན་ཚིགས། གཞི་ཆོས་ཐ་དད་དུ་མེད་ནས་མ་གྲུབ་པའི་གཏན་ཚིགས། རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་མེད་ནས་མ་གྲུབ་པའི་གཏན་ཚིགས། གཏན་ཚིགས་ཀྱི་ཕྱོགས་གཅིག་ཤེས་འདོད་ཆོས་ཅན་ལ་མེད་ནས་མ་གྲུབ་པའི་གཏན་ཚིགས་དང་བདུན། མཚན་གཞི་རིམ་པ་ལྟར། སྐྱེས་བུ་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། རི་བོང་རྭས་རྦོ་ཕུག་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་དང་པོ་དང་། རི་བོང་རྭ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་གཉིས་པ་དང། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་གསུམ་པ་དང་། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་བཞི་བ་དང། སྒྲ་ཆོས་ཅན། སྒྲ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་ལྔ་བ་དང། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་དྲུག་པ་དང། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། མཚན་མོ་ལོ་མ་ཁུམ་ནས་ཉལ་བའི་ཕྱིར། ཞེས་བཀོད་པའི་ཚེ། དེ་སྒྲུབ་ཀྱི་བདུན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།