From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དོན་སེམས་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་ཁག་གཅིག་སྟེ། ༡ གང་ཟག་མེད་པའི་ཕྱིར་ཆོས་རྣམས་བརྟེན་ནས་སྐྱེ་བ་ཡིན་གྱི། ཆོས་འགའ་ཡང་རྒྱུ་མེད་པར་ནི་མི་སྐྱེ་བ། ༢ བརྟེན་ནས་སྐྱེས་པའི་ཆོས་གང་ཡིན་པ་དེ་མ་སྐྱེས་པ། ༣ དངོས་པོ་མེད་པ། ༤ བྱང་ཆུབ་ཀྱི་ཕྱིར་ཆུད་མི་ཟ་བའོ། །
|
| Domain
|
ཆོས་ལུགས།
|
དོན་སེམས་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ་ཀུན་ལས་བཏུས་པ་ལས་བྱུང་བ་ཁག་གཅིག་སྟེ། ༡ ཆོས་རྣམས་བརྟེན་ནས་འབྱུང་སྟེ། རྒྱུ་མེད་པ་མ་ཡིན་པ། ༢ གང་ཟག་མེད་པའི་ཕྱིར་ཆོས་གང་ཡང་སྐྱེ་བ་མེད་པ། ༣ ཆོས་གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་མ་སྐྱེས་པ་དང་། གང་མ་སྐྱེས་པ་དེ་དངོས་པོ་མེད་པ། ༤ གང་དངོས་པོ་མེད་པ་དེ་བྱང་ཆུབ་ཡིན་པས་རྣམ་པར་མི་འཇིག་པའོ། །
|