31080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་སོ་སོ་ཡང་དག་རིག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། དོན་སོ་སོ་མ་འདྲེས་པར་ཐོགས་པ་མེད་པར་ཤེས་པ་སྟེ། དེའི་རྟེན་ནི་གླིང་གསུམ་གྱི་མི། གང་ཟག་ནི་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ། ས་ནི་ས་ཀུན་ན་ཡོད་དེ། མཆིམས་མཛོད་ལས། དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དམ་མྱ་ངན་ལས་འདས་པ་རིག་པ་སྟེ། བརྗོད་པར་བྱ་བའི་དོན་ནི་དོན་གྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་དང་། དེའི་རྟེན་ནི་གླིང་གསུམ་གྱི་མི་དང་། གང་ཟག་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ་ཡིན་ཏེ། མཆིམས་མཛོད་ལས། ཇི་ལྟར་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གང་ཟག་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་གླིང་གསུམ་གྱི་མིས་སྐྱེད་པ་དེ་བཞིན་དུ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་ཀྱང་དེ་དང་འདྲའོ། །ཞེས་དང་། དོན་སོ་སོ་ཡང་དག་པར་རིག་པ་དེ་ནི་ས་ཀུན་ན་ཡོད་ལ། ཞེས་གསུངས།