31096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོན་སྦྱོར་རྟོག་པ་ (1)
Part of speech མིང་ཚིག
Definition རྟོག་པ་ལ་སྦྱོར་ཚུལ་གྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཉིས་པ(་དོན་སྦྱོར་རྟོག་པ)འི་མཚན་ཉིད། ཁྱད་གཞི་ཁྱད་ཆོས་སྦྱར་ནས་འཛིན་པའི་ཤེས་པ། དཔེར་ན་སྐྱེས་བུ་དབྱུག་པ་ཅན་ནོ་སྙམ་དུ་འཛིན་པའི་བློ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།
དོན་སྦྱོར་རྟོག་པ་ (2)
Part of speech མིང་ཚིག
Definition དོན་སྦྱོར་རྟོག་པ་ཞེས་པ་ནི། ཁྱད་གཞིའི་དོན་དང་ཁྱད་ཆོས་ཀྱི་དོན་གཉིས་སྦྱར་ནས་འཛིན་པའི་རྟོག་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། ཁྱད་གཞི་ཁྱད་ཆོས་སྦྱར་ནས་འཛིན་པའི་ཞེན་རིག དོན་སྦྱོར་རྟོག་པའི་མཚན་ཉིད།
Example སྐྱེས་བུ་འདི་ནི་དབྱུག་པ་ཅན་ནོ་སྙམ་དུ་འཛིན་པའི་ཞེན་རིག་ལྟ་བུའོ། །ཞེས་གསུངས་སོ། །
དོན་སྦྱོར་རྟོག་པ་ (3)
Part of speech མིང་ཚིག
Definition རྟོག་པའི་ནང་གསེས། དོན་ལ་མིང་གི་ཐ་སྙད་མ་སྦྱར་བར་འཛིན་པའི་རྟོག་པ།
Example སྐྱེས་བུ་རྟ་ཞོན་པ་འདི་སུ་ཞིག་ཡིན་སྙམ་དུ་འཛིན་པའི་རྟོག་པ་དང༌། སྒོམ་བྱུང་གི་རྟོག་པ་ལྟ་བུའོ། །