31110

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོམ་ལྤགས་གནང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཇི་སྐད་དུ། མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་བཅང་བར་བྱའོ། །རྐང་པའི་གནས་སུ་གདིང་བར་བྱའོ། །ཞེས་གསུངས་པས། དོམ་ལྤགས་དེ་སྟན་ལ་འདིང་ཞིང་རྐང་པའི་འོག་དང། ལྷམ་གྱི་ནང་ལ་སོགས་པར་ཡང་གཞུག་པར་བྱའོ། །དོམ་ལྤགས་དེ་མཆིལ་ལྷམ་དག་ཏུ་ཡང་བགོ་བར་བྱ་སྟེ། མིག་ལ་ཕན་པའི་ཕྱིར་རོ། །རླུང་ལ་ཡང་ཕན་པས་དོམ་ལྤགས་ལ་འདུག་པ་དང་ཉལ་བ་ཡང་བྱ། གཞང་འབྲུམ་ཅན་ཐམས་ཅད་ཀྱིས་ཀྱང་རྐང་པའི་གནས་སུ་གདིང་བ་ལ་སོགས་པ་བྱས་པས་ཕན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།