31115
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དོར་བ་ནི་འཐོར་བ་དང་འབོར་བ་དང་གཏོང་བ་ལ་ངེས་པར་བརྗོད་ཅིང་། ཐ་སྙད་དུ་འགའ་ཡང་འབོར་བའམ་དོར་བྱར་མེད་ཅིང་བླང་བར་བྱ་བ་སྦྱིན་པ་ལ་སོགས་པའི་དགེ་བ་གང་ཡིན་པ་ནི་དོར་བ་མེད་པ་ཡིན་ལ། དོར་བ་མེད་པ་དེ་ཉིད་ཀྱིས་དེ་ཉིད་སྟོང་པ་གང་ཡིན་པ་དེ་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་སྟེ། འདིའང་དགེ་བ་ལ་བླང་བྱར་མངོན་པར་ཞེན་པ་བཟློག་པའི་ཕྱིར་གསུངས་སོ། །ཞེས་རེད་མདའ་བས་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་ལས་གསུངས་སོ། ། བྱང་ཕྱོགས་སོ་བདུན་སོགས་འཕགས་ཆོས་རྣམས་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན། དེ་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་དེ་དོར་བ་མེད་པའི་སྟོང་པ་ཉིད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་དབུ་མ་སྤྱི་དོན་ལས་གསུངས་སོ། ། |
| Domain | ཆོས་ལུགས། |