31117
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཡོ་སྒྱུ་བྱེད་པའི་དོན་ཏེ། གནམ་རྩེ་ལྡེང་མའི་བརྡ་དོན་ལས། དོར་བྱེད་པ་ནི་གཡོ་བྱེད་པ་སྟེ། ཞེས་དང་། མཚོ་ཊཱིཀ་ལས། དོར་བྱེད་ཅེས་པར་མཆན་དུ་གཡོ་བྱེད་ཅེས་འབྱུང༌། ཞེས་གསུངས་པ་ལྟར། |
| Example | དགེ་སློང་གི་བསླབ་བྱ་གནམ་རྩེ་ལྡེང་མ་ལས། རྒྱན་ལ་དོར་བྱས་ཏེ་རྐུ་བ་ལ་ནི་རྒྱལ་བར་མ་གྱུར་པའི་ཚེ། ཞེས་པ་ལྟ་བུ། |
| Type | བརྡ་རྙིང་། |