31161
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱིས་དུས་ཕ་མ་གཉིས་གང་རུང་ཤི་ནས་མེད་པར་གྱུར་པའི་ཕྲུ་གུའི་མིང་། སྒྲ་བཤད་ནི། དྭ་ཞེས་པ་ལེགས་སྦྱར་གྱི་སྦྱིན་པའི་སྐད་དོད་དཱ་ན་ཞེས་པ་ཟུར་ཆག་ཅིང་། གཞན་གྱི་སྦྱིན་པའམ་བཀའ་དྲིན་གྱིས་གསོས་པས་ན་དྭ་ཞེས་བརྗོད་དེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ལས། དྭ་ཞེས་བྱ་བ་ནི་ཕ་ཤི་བའི་བུ་སྟེ་གཞན་གྱིས་གསོས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། |
| Example | ཕ་མ་མེད་པའི་དྭ་ཕྲུག་རྣམས་གསོ་སྐྱོང་བྱེད་དགོས། དྭ་ཕྲུག་ཐེབས་རྩ་ཁང་ལྟ་བུ། |
| Foreign | ཟུར་ཆག |