31164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྭ་བ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྡོག་པོ་ཅུང་ཟད་ལེབ་ཅིང་ཕྱི་སེར་སྐྱ་ནང་དཀར་ཞིང་ཆེ་ཆུང་སྣ་ཚོགས་ཡོད་པ་དང༌། རྩ་བ་ནས་སྡོང་པོ་སྐྱེ་མཚམས་སུ་ཨ་ར་འདྲ་བའི་རྩ་ཕྲན་དཀར་པོ་མང་པོ་ཡོད་པ། སྡོང་པོ་སྔོ་ལྗང་ཅུང་སྦོམ་ལ་རིལ་བའི་ཁོང་སྟོང་ཞིང་རིང་ཐུང་སྐྱེ་གནས་དབང་གིས་ངེས་པ་མེད་པ། ལོ་མ་མཐུག་འཇམ་ངར་པ་རིང་ཞིང་སྨད་ཆས་སྡོང་པོ་བཏུམས་པ་གཉིས་རེ་རེ་མོས་སུ་སྐྱེ་ཞིང༌། ངར་པ་རེ་རེའི་རྩེར་ལོ་མ་རྒྱབ་སྐྱ་ལ་མཐའ་མཉམ་པ་བདུན་བརྒྱད་ཙམ་འཁོར་ལོའི་དབྱིབས་ལྟར་སྐྱེས་ཡོད། མེ་ཏོག་སེར་པོ་སྦུབས་སྟོང་རྩེ་ཕྲ་ལ་རིང་བ་མེ་ཏོག་རྐྱང་པ་སྡོང་པོའི་རྩེར་ཤར་བ། འབྲས་བུ་སྔོ་ལྗང་རིལ་བ་ཤ་རྒྱུ་ཡིན་པ་སྨིན་ནས་དམར་པོ་བྱུ་རུའི་མདོག་འདྲ་བ་ཡོད། སྤྱིར་ན་དྭ་རྒོད་དང་དྭ་གཡུང་གཉིས། སྐྱེ་གནས་དབང་གིས་རིགས་གཉིས་སུ་ཕྱེ་བ་ལས། སྐྱེ་དབྱིབས་སོགས་མཚུངས་པ་ཡིན་ཏེ། བོད་ཀྱི་སྐམ་ཤས་ཆེ་བའི་རི་མ་ཐང་དང༌། ཤིང་གསེབ། གྲམ་ཐང༌། ཞིང་མུ། ལྡུམ་རྭ་སོགས་སུ་སྐྱེ་བ་མང་བ། མེ་ཏོག་བོད་ཟླ་ལྔ་པའི་ནང་བཏུས་ཏེ་གཙང་སར་བསྐམ་རྒྱུ་དང༌། རྩ་བ་དང་འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ཞིང་རྣོ་བས་སྲིན་གྱི་ནད་དང༌། སྐྲངས་པ། འབྲས། ཤ་རོ། རུས་འཛེར་སོགས་ལ་ཕན་པ་དང༌། འབྲས་བུས་དུག་གིས་འགགས་པ་སེལ། མེ་ཏོག་གིས་མངལ་སྐྱོན་བཤིག་ཅིང་མངལ་སྒོ་འབྱེད་པར་བྱེད་པ་ཡིན།
དྭ་བ་ (2)
Part of speech མིང་ཚིག
Definition ཞོག་ཁོག་གམ་རྒྱ་གྲོ་མ།