31169
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བརྒྱད་པའི་ཕྱི་ལོ་ ༡༤༥༠ ལོར་ཡས་མས་སུ་འཁྲུངས། གཞོན་དུས་ཆབ་མདོར་བཞུགས། དགུང་ལོ་དར་མའི་དུས་སུའང་ཆབ་མདོ་བྱམས་པ་གླིང་དུ་ཕེབས་པ་སོགས་ལ་དཔགས་ན་འཁྲུངས་ཡུལ་ཆབ་མདོ་ཡིན་ནམ་སྙམ། དྭགས་པོ་བླ་གྲོས་བསྟན་པ་དགའ་ལྡན་གསེར་ཁྲིར་ཕེབས་རྗེས། འདི་དྭགས་པ་གྲྭ་ཚང་གི་མཁན་པོར་བསྐོས། དྭགས་པོ་གྲྭ་ཚང་དུ་ཡུན་རིང་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་འཆད་ཉན་དང་། ཉམས་ལེན་མཛད། དགའ་ལྡན་ཁྲི་ཐོག་བདུན་པ་དྭགས་པོ་བློ་གྲོས་བསྟན་པའི་སློབ་མ་ཡིན། སྐུ་ཚེའི་མཇུག་ཏུ་བྲ་མོ་ནགས་འདབ་དང་། གངས་དཀར་ཕུ་གཡུ་ལུང་སྐྱེད་མོ་གཤོངས་ཀྱི་དབེན་གནས་སོགས་གནས་ངེས་མེད་དུ་བྱོན། སྒྲུབ་པ་སྙིང་པོར་མཛད། གསུང་རྩོམ་ནི་མགུར་སྣ་ཚོགས། རྣམ་ཐར་བསྟོད་པ། སྙན་ངག་དཔེར་བརྗོད། སྐུ་གཟུགས་ཐིག་ཚད། མི་ཆོས་ཡ་རབས་ཀྱི་སྤྱོད་ཚུལ། ཇའི་བཤད་པ། མགྲོན་པོ་སྣེ་ལེན་བྱེད་ཚུལ་བཅས་ཆོས་ཚན་བཅུ་དགུར་བཞུགས། |
| Synonyms | ངག་གི་དབང་པོ། ངག་གི་དབང་ཕྱུག གྲགས་པ་དབང་ཕྱུག བཙུན་པ་བློ་བདེ། བསོད་ནམས་ཡེ་ཤེས་དབང་པོ། མཻ་ཏྲི། གྲགས་པའི་བློ་གྲོས། མཁན་ཆེན་ངག་དབང་གྲགས་པ། |