31173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྭགས་པོ་འདུལ་འཛིན་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཤིང་སྟག་ཕྱི་ལོ་ ༡༡༣༤ ལོར་དྭགས་པོ་ཟེས་དཀར་དུ་བོན་རིགས་སུ་འཁྲུངས། བཅུ་པར་དྭགས་པོ་ལྷ་རྗེ་ལས་སྒྲོལ་མ་དཀར་མོ་དང་། མགོན་པོའི་རྗེས་གནང་། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་རྣམས་ཞུས། གནས་མཁར་དུ་སྣུབས་སྒོམ་ཆུང་ལས་བསྙེན་པར་རྫོགས། མདོ་ཁར་བ་ལས་ཕར་ཕྱིན་གསན། ཤ་མི་འདུལ་འཛིན་ཅན་ལས་འདུལ་བར་བསླབས། རྗེ་སྒམ་པོ་པ་ལས་དམ་ཆོས་མ་ལུས་པའི་དབང་ལུང་ཁྲིད་གསུམ་གསན། ཞབས་ཕྱི་ཡང་ཡུན་རིང་མཛད། དྭགས་པོ་སྒོམ་ཆུང་ཤེས་རབ་བྱང་ཆུབ་ལས་གདམས་ངག་མང་དུ་ཞུས། དྭགས་ལྷ་སྒམ་པོའི་གདན་སར་བཞུགས། སློབ་མའི་ཚོགས་ལ་འདུལ་བའི་བཤད་པ་རྒྱ་ཆེར་སྤེལ། ལོ་བརྒྱད་རིང་ཐུགས་དམ་རྩེ་གཅིག་ཏུ་སྒོམ་མཛད། རྟོགས་པའི་ཡོན་ཏན་བརྙེས། གཙུག་ལག་ཁང་གསར་བཞེངས་མཛད། རབ་བྱུང་བཞི་པའི་ས་སྟག་ཕྱི་ལོ་ ༡༢༡༨ ལོར་སྐུ་གཤེགས། དྭགས་ལྷ་སྒམ་པོའི་གདན་རབས་བཞི་པ་ཡིན།