31176

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྭགས་པོ་སྒོམ་ཆུང་ཤེས་རབ་བྱང་ཆུབ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༡༣༠ ལོར་གཉལ་བོང་སྙིར་ཡབ་རྒྱ་བ་སེ་རེ་དང་། ཡུམ་ཚེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། ཁུ་བོ་དྭགས་པོ་ལྷ་རྗེ་ལས་རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་གསན། ཉམས་རྟོགས་འཁྲུངས། གཅེན་པོ་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་ལས་ཀྱང་གདམས་ངག་གསན། བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ལོ་གཉིས་རིང་དྭགས་ལྷ་སྒམ་པའི་གདན་ས་བསྐྱངས། རབ་བྱུང་གསུམ་པའི་ཆུ་སྦྲུལ་ཕྱི་ལོ་ ༡༡༧༣ ལོར་སྐུ་གཤེགས། གདུང་བཞུ་སྐབས་ཐུགས་ལྗགས་མ་འཚིགས། དྭགས་ལྷ་སྒམ་པའི་གདན་རབས་གསུམ་པ་ཡིན།