31178
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མགར་བསམ་གཏན་གླིང༌ནི། མགར་བ་ཚུལ་ཁྲིམས་པས་བཏབ། ཨང་དང་གྲྭ་གྲངས་བཞི་བཅུ་སྐོར། ང་རབ་བྲ་སྟེང་དགོན་ནི། འབྲི་གུང་པ་རིན་ཆེན་རྡོ་རྗེས་བཏབ། ཨང་དང་གྲྭ་གྲངས་བཞི་བཅུ་ཞེ་དྲུག་སྐོར། དྭངས་ལུང་ལྷ་སྡིངས་དགོན་ནི། འོལ་དགའ་མཐོང་སྨོན་པ་རྒྱལ་སྲས་ཆོས་འཕེལ་རྒྱ་མཚོས་བཏབ་ཅེས་བྱུང་ཡང་། མཁར་ནག་ཆོས་འབྱུང་དུ་བླ་མ་རིན་ཆེན་རྡོ་རྗེས་བཏབ་ཅེས་གསལ། ཨང་དང་གྲྭ་གྲངས་སུམ་ཅུ་སོ་དགུ་སྐོར། མཁར་ཐོག་ཆོས་སྡེ་ནི། ལྕང་ར་བའི་རིམ་གྲོར་ལྷ་སྡིངས་ནས་དགེ་འདུན་པ་འགའ་རེ་གདན་དྲངས་པ་ལས་རིམ་བཞིན་ཆགས། ཨང་དང་གྲྭ་གྲངས་བརྒྱད་ཅུ་སྐོར། རྫམ་གྱི་ལྷ་ས་སྟེང༌ནི། བླ་མ་ཞང་གི་དངོས་སློབ་ཡེ་ཤེས་བློ་གྲོས་པས་བཏབ། ཨང་གཉིས་གྲྭ་གྲངས་ཉི་ཤུ་རྩ་བདུན་སྐོར། སོ་ལུང་ཁ་ནི། རྗེ་ནམ་མཁའ་འོད་ཟེར་གྱིས་བཏབ། གྲྭ་རྒྱུན་དྭགས་གྲྭ་ཚང་དུ་འགྲོ་ཞེས་པ་ལས་གྲྭ་གྲངས་གསལ་མི་འདུག དྭགས་པོ་སྒྲོམ་མདའ་གནས་གཞི་ནི། བྱ་པའི་ཞལ་ངོ་མཁན་པོ་ཡོན་ཏན་མཆོག་གིས་བཏབ། དེང་སང་ཀུ་རབ་དགའ་ལྡན་རབ་བརྟན་དུ་གྲགས། ཨང་དང་གྲྭ་གྲངས་ཕྱེད་སུམ་བརྒྱ་སྐོར། དགྱེར་སྨད་དུ་བང་རིམ་ཆོས་སྡེ་ནི། དགྱེར་རིགས་མང་ཡུལ་བློ་ལྡན་པ་རྒྱ་མ་རིན་ཆེན་སྒང་དུ་བཞུགས་སྐབས་སྤྱན་རས་གཟིགས་ཁ་སར་པ་ཎིའི་སྐུ་བརྙན་གྱིས་ལུང་བསྟན་པ་བཞིན་དྭགས་སྨད་དུ་སྔར་ཀླུ་མེས་ཀྱི་གནས་གཞི་རྙིང་པའི་སར་སྐུ་རྟེན་སྤྱན་དྲངས་གནས་གཞི་བཙུགས། ཨང་དང་གྲྭ་གྲངས་ཉིས་བརྒྱ་སྐོར་བཅས་སོ། ། |
| Domain | ལོ་རྒྱུས། |