31192
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྩ་གཡས་དཀར་གཡོན་དམར་དབུ་མཐིང་གསུམ་གྱི་ནང་ཚན་གཡས་ཀྱི་རྩ་ལ་གོ ། དེའི་མདོག་ནི། གངས་རིའི་མདོག་གམ་དཀར་པོ། ཕྲ་སྦོམ་གྱི་ཚད་ནི། དར་སྐུད་ཙམ་མམ་རྟ་རྔ་བཅུ་གཤག་ཙམ། གནས་ཚུལ་ནི། མར་སྣེ་ལྟེ་འོག་དང་། ཡར་སྣེ་སྣའམ་ཤངས་ཀྱི་སྒོ་རུ་ཟུགས་པར་གསུངས་སོ། ། དེ་ཡང་གསང་འདུས་དོན་གྱི་རྒྱུད་ལས། རྩ་གསུམ་རི་རབ་སྲོག་ཤིང་འདྲ། འཁོར་ལོ་རི་རབ་བང་རིམ་འདྲ། རྩ་ལག་ཡལ་ག་ལྗོན་ཤིང་འདྲ། སྤྱི་བོའི་གཙུག་ནས་གསང་བའི་བར། མཉམ་པོར་འགྲོགས་ནས་གནས་པ་ལ། གཡས་པ་དྭངས་བསྐྱེད་གསལ་བའི་རྩ། གངས་དཀར་རི་མདོག་ཟིལ་པ་ཆགས། གཡོན་པ་ཤི་ཤིན་མང་རུམ་རྩ། བྱི་རུ་འོད་ཀྱི་མདོག་ཟིལ་ཆགས། དབུ་མ་ཉེ་ལོ་ཨུད་དཔལ་རྩ། མུ་མན་འོད་ཀྱི་མདོག་ཟིལ་ཆགས། ཡང་དེ་ཉིད་ལས། གཡས་དཀར་གཡོན་དམར་དབུ་མཐིང་གསུམ། མདོག་ནི་གང་གིས་མཚོན་པ་ལ། གནས་པ་དར་སྐུད་ཙམ་དུ་གནས། བསྐྱེད་པ་མདའ་སྨྱུག་ཙམ་དུ་བསྐྱེད། མར་སྣེ་ལྟེ་འོག་ཉེར་ཆེན་དུ། ཡི་གེ་ཆ་ཡི་སྒྲོས་སམ་འདོགས། ཡར་སྣེ་མགྲིན་པའི་གསང་ལམ་ནས། གཡས་གཡོན་མདུན་རྒྱབ་གཉིས་ལ་འཁྲིལ། ལྒྱུམ་རི་ཤངས་ཀྱི་སྒོ་རུ་ཟུགས། དབུ་མ་ཚངས་པའི་བུ་ག་རུ། འདབ་བརྒྱད་མེ་ཏོག་ཁ་བྱེའི་ཚུལ། ཞེས་སོགས་རྒྱ་ཆེར་གསུངས་པས་ངེས་སོ། ། |
| Domain | ཆོས་ལུགས། |