31207
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲུག་དྭངས་སྤྲུལ་སྐུ་ཕྲེང་གཉིས་པ་རྗེ་ངག་དབང་དཔལ་བཟང་པོ་མཆོག་ནི། ལྷོ་བྲག་གླིང་གཞིར་སྐུ་འཁྲུངས། ལོ་བདུན་ལ་ཕེབས་སྐབས་གོང་མའི་གདན་སར་ཡང་སྲིད་ཀྱི་མཛད་སྒོ་ཞུས། རྗེ་ཉིད་ནི་སྐུ་ན་ཕྲ་དུས་ན་སྔོན་གོམས་བག་ཆགས་སད་པས་ལྷན་སྐྱེས་ཀྱི་ཤེས་རབ་མངའ་ཐོག བརྩོན་འགྲུས་ཤིན་ཏུ་ཆེ་བས་སྐྱེས་སྦྱངས་གཉིས་ཀའི་དཔལ་འབར་བ་ཞིག་ཏུ་གྱུར་པ་དང་། སླར་འབྲུག་པ་སྐུ་ཕྲེང་ལྔ་པ་དཔག་བསམ་དབང་པོ་སོགས་ལས་དབང་དང་གདམས་པ་རྫོགས་པར་ཞུས། (དཔག་བསམ་དབང་པོ་༡༥༩༣ ལོར་འཁྲུངས། ༡༦༤༡ ལོར་འདས། ) བསྐྱེད་རྫོགས་ཀྱི་སྦྱངས་པ་མཐར་ཕྱིན་པ་མ་ཟད་སྐུ་ཚེ་ཕལ་ཆེར་སྒྲུབ་པ་ཉམས་ལེན་གྱིས་བསྟན་པ་རྒྱ་ཆེར་སྤེལ། དགུང་ལོ་གོ་གཅིག་ཕེབས་སྐབས་རྩྭ་རི་མཚོ་དཀར་དུ་དགོངས་པ་རྫོགས་པ་བཅས་སོ། ། |