31208

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྭངས་སྤྲུལ་སྐུ་ཕྲེང་གསུམ་པ་སྒྲུབ་དབང་ཡེ་ཤེས་བཟང་པོ་ (1)
Part of speech མིང་ཚིག
Definition དྭངས་སྤྲུལ་སྐུ་ཕྲེང་གསུམ་པ་སྒྲུབ་དབང་ཡེ་ཤེས་བཟང་པོ་མཆོག་ནི། ཡར་ཀླུང་ཕོ་བྲང་དུ་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་གདན་སར་ཁྲི་གསོལ་ཞུས་པ་དང་རིམ་བཞིན་བདེ་ཆེན་ཆོས་འཁོར་དགོན་གྱི་ཡོངས་འཛིན་ཡེ་ཤེས་གྲུབ་པ་རིན་པོ་ཆེའི་ཞབས་ལས་ཀུན་མཁྱེན་བཀའ་འབུམ་སོགས་གཞུང་ལུགས་དུ་མར་གསན་བསམ་རྒྱ་ཆེར་མཛད་པ་དང་། ཡོངས་འཛིན་ལྔ་པའི་འཁྲུངས་འདས་( ༡༧༨༡-༡༨༣༥། ) བདེ་མཆོག་ལྷ་བཅུ་གསུམ་དང་། རྡོ་རྗེ་ཕག་མོ། མི་འཁྲུགས་པ་སོགས་ཀྱི་དབང་ལུང་རྫོགས་པར་ཞུས་ཏེ་ཉམས་ལེན་མཛད་པས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་ཏུ་གྱུར། རྗེ་དེས་རང་ཉིད་ཀྱི་སློབ་མ་རྣམས་བསྐྱངས་ཞོར། གདན་ས་དེ་ཉིད་ཀྱང་ཞིག་གསོས་མཛད་པ་དང་ནང་རྟེན་མགོན་པ་ཕྱག་བཞིའི་སྐུ་བརྙན་སོགས་གསར་བཞེངས་དང་། འབྲུག་ཡུལ་ནས་ཐུབ་པ་མེ་ཐུབ་ཆུ་ཐུབ་གདན་དྲངས་ཏེ་རྟེན་གཙོ་མཛད། མཐར་དགུང་ལོ་དོན་བརྒྱད་ལ་ཕེབས་སྐབས་དྭགས་ལུང་བསམ་གཏན་ཐེག་མཆོག་གླིང་དགོན་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །