31210

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྭངས་སྤྲུལ་སྐུ་ཕྲེང་བདུན་པ་ངེས་དོན་ཆོས་ཀྱི་བསྟན་འཛིན་ (1)
Part of speech མིང་ཚིག
Definition དྭངས་སྤྲུལ་སྐུ་ཕྲེང་བདུན་པ་ངེས་དོན་ཆོས་ཀྱི་བསྟན་འཛིན་ནམ་ཤཱཀྱ་སེང་གེ་རིན་པོ་ཆེ་མཆོག་ནི། གྲྭ་ནང་གྲའུ་ཡུས་ཤར་སྟེང་དུ་སྐུ་འཁྲུངས་ཤིང་། ཀརྨ་པའི་ལུང་བསྟན་བཞིན། ཕ་བློ་གྲོས་དབང་ཕྱུག་དང་། མ་ཀརྨ་དཔལ་སྒྲོན་གཉིས་ཀྱི་སྲས་སུ་ས་གླང་ ༡༩༤༩ ལོར་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས། དྭངས་ལུང་བསམ་གཏན་ཐེག་མཆོག་གླིང་དགོན་དུ་ཁྲི་གསོལ་ཞུས། བཀའ་ཤག་སྲིད་གཞུང་ནས་ཀྱང་ཡང་སྲིད་ཀྱི་ཆོག་མཆན་གནངས། དགུང་ལོ་དགུ་ལ་ཕེབས་སྐབས་རྒྱ་དམར་གྱི་དུས་འགྱུར་རིག་གནས་གསར་བརྗེའི་འོག གདན་ས་ལས་ཁ་བྲལ་དགོས་བྱུང་། ཕྱིས་སུ་ལྕགས་སྤྲེལ་ ༡༩༨༠ བསྟན་པ་ཡང་དར་སྐབས། སླར་གྲྭ་རྒན་རྣམ་པ་དང་བཅས་གདན་སར་ཕེབས། སྡིངས་པོ་ཆེར་ཀུན་སྤངས་འཆི་མེད་རྒྱ་མཚོ་མཆོག་ལས་ཕྱག་ཆེན་སོགས་ཀྱི་ཁྲིད་ལུང་ཞུས། ཞོར་དུ་སྡིངས་པོ་ཆེ་དགོན་པ་སླར་གསོའི་སྐབས་ཤིང་བཟོ་བའི་ཕྱག་ལས་ཀྱང་མང་དུ་མཛད། ཤིང་གླང་ ༡༩༨༥ ལོར་དྭངས་དགོན་ཉམས་གསོ་ཞུ་རྒྱུའི་ཐུགས་ཐག་བཅད། དགོན་ཤུལ་དེར་འདུ་ཁང་ཆུང་ངུ་ཞིག་དང་མགོན་ཁང་། གཉེར་ཚང་། རུང་ཁང་། གཟིམ་ཆུང་དང་གྲྭ་ཤག་རེ་གཉིས་བཅས་སླར་གསོ་མཛད། དབུས་འབྲོག་ཁུལ་ནས་གྲྭ་གསར་འགའ་བསྡུ་རུབ་གནང་། ལྕགས་ལུགས་ ༡༩༩༡ ལོར་པེ་ཅིང་ནང་བསྟན་སློབ་གླིང་ནས་སློབ་ཐོན་གྱི་ཕྱག་ཁྱེར་དང་གཟེངས་བསྟོད་ཐོབ། རིམ་བཞིན་ལྷོ་ཁའི་སྲིད་གྲོས་ཨུ་ཡོན་གྱི་གོ་གནས་དང་། བོད་རང་སྐྱོང་ལྗོངས་ཆོས་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་གོ་གནས་བཞེས། སྔར་གྱི་དགོན་པ་དེ་ཧ་ཅང་ཕུ་ཐག་རིང་བ་སོགས་ཀྱི་དཀའ་ངལ་གྱིས། དགོན་དེ་རང་གར་བཞག་སྟེ། མདུན་སྨད་ཅེས་པའི་ལུང་དེར་གདན་ས་གསར་པ་ཞིག་བསྐྱར་བཞེངས་མཛད། འོན་ཀྱང་དེ་ནི་གྲོང་པའི་དཀྱིལ་དུ་འཁེལ་སྟབས། སླར་ཡང་ཆུ་སྤྲེལ་ ༡༩༩༢ ལོར་འགོ་བརྩམས་ནས། དུས་ཡུན་ལོ་གཉིས་ཀྱི་རིང་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་གནང། དགོན་པར་བཞུགས་ཏེ་སློབ་མ་མང་པོར་ཕྱག་ཆེན་གྱི་ཉམས་ལེན་བཀའ་ཁྲིད་གནང་བའི་བཀའ་དྲིན་བསྐྱངས། སྐྱབས་རྗེ་ཅོག་གྲྭ་བརྒྱད་པ་ངག་དབང་བསྟན་འཛིན་གྱིས་ལྗགས་བཀོད་ལྟར། བཀའ་བརྒྱུད་པའི་ཚོགས་ཞིང་སྤུས་ལེགས་ཐོག་རྩེག་གཅིག་ལས་ལྷག་ཙམ་ཞིག་བཞེངས། ཕྱི་ལོ་ ༢༠༠༡ ལོར་རིན་པོ་ཆེ་དགུང་ལོ་ལྔ་བཅུ་བྱོན། དགོན་པ་སླར་གསོ་ཆེད་ལྷ་ས་ནས་དགོན་པར་ཕེབས་ལམ་དུ་འཕྲུལ་འཁོར་གྱི་དོན་རྐྱེན་བྱུང་སྟེ་དགོངས་པ་རྫོགས། མཁན་ཆེན་བཀྲ་ཤིས་བསྟན་པ་རབ་རྒྱས་དང་དགེ་བའི་བཤེས་གཉེན་ཀུན་སྤངས་འཆི་མེད་རྒྱ་མཚོ་དབུ་བཞུགས་ཐོག་དགེ་བདུན་བཅུ་ཕྲག་མང་པོས་སྐུ་གདུང་ཞུགས་སུ་ཕུལ། སྐུ་ཚེའི་སྨད་དུ་གསང་ཡུམ་བཞེས་པ་དང་སྲས་གཉིས་འཁྲུངས་པ་ད་ལྟ་མདུན་སྨད་ཅེས་པའི་གྲོང་ཚོར་བཞུགས་པ་བཅས་སོ། །

{{#arraymap:དྭངས་སྤྲུལ་སྐུ་ཕྲེང་བདུན་པ་ངེས་དོན་ཆོས་ཀྱི་བསྟན་འཛིན་

|; |@@@ | | }}