31212

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྭངས་སྤྲུལ་སྐུ་ཕྲེང་ལྔ་པ་ངེས་དོན་ཀུན་དགའ་དབང་ཕྱུག་ (1)
Part of speech མིང་ཚིག
Definition དྭངས་སྤྲུལ་སྐུ་ཕྲེང་ལྔ་པ་ངེས་དོན་ཀུན་དགའ་དབང་ཕྱུག་མཆོག་ནི། རྒྱང་གཞུང་གྲོང་ཚོ། ཆང་ལུང་ཞེས་པའི་གྲོང་དུ་སྐུ་འཁྲུངས། མི་རིང་བར་གདན་སར་ཁྲི་གསོལ་ཞུས་ཏེ་ཡི་གེ་འབྲི་ཀློག་འདོན་རྟགས་དབྱངས་སོགས་ལ་སྦྱངས་པ་མཛད། ཞབས་དྲུང་རྡོ་རྗེ་འཛིན་པ་ཆེན་པོའི་ཞབས་ལ་བཏུད་ནས། རང་ལུགས་དོན་བརྒྱུད་འབྲུག་པ་རིན་པོ་ཆེའི་དབང་ལུང་རྫོགས་པར་ཞུས། ཕྱག་རྒྱ་ཆེན་པོའི་ཉམས་ལེན་མཛད། རྗེ་འདི་ཉིད་ནི་ཉམས་རྟོགས་ཕུལ་དུ་ཕྱིན་པའི་རྣལ་འབྱོར་པ་ཞིག་ཡིན་ཀྱང། ཕྱིས་སུ་སྤྱན་གཉིས་ཞར། ཐེངས་ཤིག་གླང་རྒན་ཞིག་ལ་ཆིབས་ཏེ་ཡར་འབྲོག་ནས་དྭངས་ལུང་དགོན་པར་ཕེབས་སྐབས། བྲག་མདའ་དཔལ་སྡིངས་ཞེས་པར་རྗེ་ཉིད་ཆིབས་གླང་སྟེང་ནས་ལྷུང་བ་དང་། ཕ་བོང་ཞིག་ལ་ཕྱག་རེག་པས། ཕ་བོང་ཡང་འཇིམ་པ་ལྟར་གྱུར་ཏེ། ཕྱག་རྗེས་གསལ་པོར་བྱུང་བས། དེར་ཡོད་སློབ་མ་རྣམས་དད་དེ། སྔར་བས་ཞབས་ཏོག་ལེགས་པར་བསྒྲུབ། ཕྱག་རྗེས་དེ་ད་ལྟའི་དུས་སུ་ཡང་མཇལ་རྒྱུ་ཡོད། དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་རྗེ་ཉིད་ཀྱི་གདན་སར་དགོངས་པ་རྫོགས།