From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དྲག་པོ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
བཙན་ཤུགས་ཆེ་ལ་ཞི་འཇམ་མིན་པའི་དོན་ཏེ།
|
| Keyword
|
True
|
| Example
|
ཁ་རྡུང་དྲག་པོ་བཏང་། ཁ་རྡུང་དེ་ལས་དྲག་པ་ཞིག་གཏང་དགོས། ཁ་རྡུང་དྲག་ཤོས་གཏོང་མཁན་དེ་སུ་རེད་ལྟ་བུ།
|
| Antonyms
|
ཞི་བ།
|
| Adj Com Sup (?)
|
དྲག་པོ། དྲག་པ། དྲག་ཤོས།
|
དྲག་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
ལྕགས་ཕོ་སྤྲེལ།
|
| Domain
|
རྩིས་རིག
|
དྲག་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
ལྷ་དབང་ཕྱུག་ཆེན་པོ། འདི་ཁྲོས་པའི་དུས་སུ་ངའི་སྟེང་ན་སུ་ཡང་མེད་དོ་སྙམ་པའི་དྲག་པོའི་ངང་ཚུལ་ངོམ་པས་སོ། །
|
| Type
|
མངོན་བརྗོད།
|
དྲག་པོ་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་བཅུ་གཅིག་གི་མིང་སྟེ། མ་སྐྱེས། རྐང་གཅིག འཕེལ་བ། དྲག་པོ། བརྩོན་འགྲུས་ལྡན། འཕྲོག་བྱེད། བདེ་འབྱུང་། སྤྱན་གསུམ་པ། གཞན་ལས་རྒྱལ་བ། དབང་ལྡན། ས་གསུམ་པ་སྟེ་དྲག་པོའི་ལྷ་བཅུ་གཅིག་ཡོད་པས་སོ། །
|