31322

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲག་པོ་གསུམ་འཛོམས་ (1)
Part of speech མིང་ཚིག
Definition གཟའི་དྲག་པོ་གང་རུང་ཞིག་དང་། སྐར་མའི་དྲག་པོ་གང་རུང་ཞིག ཚེས་ཀྱི་དྲག་པོ་གང་རུང་ཞིག་བཅས་གཟའ་སྐར་ཚེས་གསུམ་གྱི་དྲག་པོ་དག་ཞག་གཅིག་ཏུ་འཛོམས་པ་ལ་ཟེར་ཞིང་། དུས་དེར་མདོས་གཏོར་དྲག་ལས་རྣམས་མཆོག་ཏུ་ཤིས་ཤིང་སྟོབས་ཆེ་བར་བཤད། དེ་ཡང་གཟའི་དྲག་པོ་ནི་སྒྲ་གཅན་གདོང་མཇུག་དང་། ཉི་མ། མིག་དམར། སྤེན་པ། སྐར་མའི་དྲག་པོ་ནི་ལག་དང་། མེ་བཞི། ཁྲུམས་སྨད། ཆུ་སྟོད། ཚེས་ཀྱི་དྲག་པོ་ནི་བཞི་དང་། བརྒྱད། བཅུ་གཅིག བཅོ་ལྔ། བཅོ་བརྒྱད། ཉེར་གཉིས། ཉེར་ལྔ། ཉེར་དགུ་བཅས་ཡིན།
Domain རྩིས་རིག