31340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲག་པོའི་དཔྱད་ (1)
Part of speech མིང་ཚིག
Definition བོད་ཀྱི་གསོ་བ་རིག་པའི་གཞུང་ལས་བཤད་པའི་ནད་གསོ་བའི་ཐབས་ཤིག་སྟེ། བཤད་པ་སྐུའི་རྒྱུད་ལས། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང། ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ཏེ། དེ་ཡང་འཇམ་དང་རྩུབ་དང་དྲག་པོ་གསུམ། འཇམ་པོའི་དཔྱད་ལ་དུགས་ལུམས་བྱུག་པ་གསུམ། རྩུབ་པའི་དཔྱད་ལ་གཏར་བསྲེག་དབུག་པ་གསུམ། དྲག་པོ་འདྲལ་གཅོད་འདྲུད་དང་འབྱིན་པ་བཞི། ཞེས་འབྱུང་བ་ལྟར་རོ། །
Domain གསོ་རིག